འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་7000སྤྲད་ནས་ཀན་སུའུ་ཡི་ཞོད་འགོག་གེགས་
    སེལ་ལ་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་13ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ནོར་སྲིད་པུའུ་དང་དམངས་སྲིད་པུས་ཀན་སུའུ་ཞིང་ཆེན་ལ་འཕྲལ་མར་མ་དངུལ་སྒོར་ཁྲི་7000སྤྲད་་ནས་ཞིང་ཆེན་དེར་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་པའི་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རོགས་རམ་བྱས་པ་རེད། ཁ་གསབ་རོགས་དངུལ་དེ་དག་ཀན་སུའུ་ཞིང་ཆེན་གྱིས་ལུང་ནན་སོགས་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་འཕྲལ་མར་གནས་སྤོས་བཀོད་སྒྲིག་དང་། བར་བརྒལ་རིང་གི་འཚོ་བའི་རོགས་སྐྱོབ། གཏོར་སྐྱོན་ཕོག་པའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན། གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་འཆི་གོད་གསབ་དངུལ་སྤྲོད་པ་སོགས་ལ་སྤྱི་འདོམས་ཐོག་སྤྱད་དེ་གནོད་འཚེ་ཕོག་པའི་མང་ཚོགས་གྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།
           ཟླ་8ཚེས་6ཉིན་གྱི་ཆུ་ཚོད་14ནས་ཚེས་7ཉིན་གྱི་ཆུ་ཚོད་15བར། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་དང་། ཝུའུ་ཏུའུ་ཆུས། ཤིས་ཧོ་རྫོང་སོགས་སུ་དྲག་ཆར་བབས་པའི་གནམ་གཤིས་བསྟན་པ་དང་ས་ཆ་ཁག་གཅིག་ལ་དྲག་ཆར་ཆེན་པོ་བབས་ནས་ཆུ་ལོག་དྲག་པོ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཏེ་གྲོང་ཚོ་ཁག་གི་སྡོད་ཁང་ཆུས་ཁྱེར་བ་མ་ཟད། ད་དུང་གློག་ཤུགས་དང་འཕྲིན་གཏོང་ཆད་པ་མ་ཟད། ལམ་བུ་འགགས་ཡོད། དེའི་ནང་ཝུན་རྫོང་ཐན་ཁྲེ་གྲོང་རྡལ་དང་། ལི་ཕིང་གྲོང་རྡལ། ཧྲེ་ཧྲུའུ་ཤང་སོགས་ཀྱི་གནོད་འཚེའི་གནས་ཚུལ་ཚབས་ཆེན་པོ་ཡོད། ཟླ་8ཚེས་10ཉིན་བར་མི་8རྐྱེན་ལམ་དུ་ཤོར་བ་དང་། མི་1འབྲེལ་བ་ཆད་པ། དུད་ཚང་70632ཀྱི་མི་298241ལ་གནོད་འཚེ་ཕོག་པ། མི་9868འཕྲལ་དུ་གནས་སྤོས་བཀོད་སྒྲིག་བྱས་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་28.4ཕོག་ཡོད་པ་རེད།
           འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་ས་གནས་དེ་གའི་སྲིད་གཞུང་གིས་འབྲུབ་འགོག་ཞོད་འགོག་གི་འཕྲལ་སྡོམ་བརྡ་ལན་ལག་བསྟར་བྱས་ནས་མི་སྣ་ཁ་བཀྲམ་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་པ་རེད། མིག་སྔར་ས་གནས་དེ་གའི་སྡེ་ཚན་ཁག་དང་དེ་བཞིན་ཉེ་འཁོར་གྱི་གནོད་འཚེ་ཕོག་མེད་པའི་མང་ཚོགས་ཀྱི་འབད་བརྩོན་འོག གནོད་འཚེ་ཚབས་ཆེན་ཕོག་པའི་ཝུན་རྫོང་གི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཚང་མར་ཆུ་གློག་ཁྲིད་པ་དང་བཟའ་བཅའ་དང་སྨན་རྫས་འདང་ངེས་བྱུང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།