འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྒྲོལ་དང་བར་ཐག་ད་དུང་སྤྱི་ལེ་19ཡོད་པའི་བོད་ཁུལ་གྲོང་ཚོ་ཞིག་གི་རེ་སྒུག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབུལ་སྒྲོལ་དང་བར་ཐག་ད་དུང་སྤྱི་ལེ་19ཡོད་པའི་བོད་ཁུལ་གྲོང་ཚོ་ཞིག་གི་རེ་སྒུག
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་ནུབ་བྱང་མཐོ་སྒང་དུ་ཆགས་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་རྫོང་འབུར་ཡུལ་ཚོ་སེ་ཀྱང་གྲོང་ཚོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སུ་སྨི་3200ཡོད་པ་དང་། འབར་ཁམས་གྲོང་ཁྱེར་གྱི་ཆེས་ཐག་རིང་ལུང་ཁུག་ཏུ་གནས་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་ལ། མིག་སྔའི་བར་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་གྲོང་ཚོ་འབའ་ཞིག་ཀྱང་རེད། གྲོང་ཚོ་འདི་ཤང་དང་བར་ཐག་སྤྱི་ལེ་19ཡོད་པ་དང་། སྤྱི་ལེ་19འདི་ཡིས་དོན་གང་ཞིག་མཚོན་གྱི་ཡོད་ཅེ་ན། དེས་འབར་རི་འབུར་རི་དང་ཐལ་རྡུལ་འཚུབ་པའི་ས་ལམ། དུས་ངེས་གཏན་མེད་པར་རི་བོ་ནས་རྡོ་ལྷུང་སྲིད་པ་མཚོན་པ་མ་ཟད། མཚམས་རེར་ཆར་པ་འབབ་ཐེངས་གཅིག་གིས་ཤང་དང་སེ་ཀྱང་གྲོང་ཚོའི་བར་གྱི་འབྲེལ་བ་བཅད་པའང་མཚོན་པ་རེད། སྤྱི་ལེ་19འདི་ནི་སེ་ཀྱང་གྲོང་ཚོའི་དབུལ་སྒྲོལ་ལམ་དུ་བཀག་པའི་འགོག་རྐྱེན་ཆེས་ཆེ་བ་ཞིག་ཏུ་གྱུར་ཡོད་པ་རེད།
         རྫོང་འབུར་ཡུལ་ཚོའི་དབུལ་སྒྲོལ་འགག་སྒྲོལ་འཕེལ་རིམ་གྱི་རེའུ་མིག་ཐོག་ཏུ་སེ་ཀྱང་གྲོང་ཚོ་ནི་ད་དུང་དབུལ་སྒྲོལ་བྱེད་ཐུབ་མེད་པའི་དབུལ་ཕོངས་གྲོང་ཚོ་འབའ་ཞིག་ཡིན་ཞིང་། གྲོང་ཚོ་ཡོངས་ལ་དུད་ཁྱིམ་42དང་། དུད་ཁྱིམ་21ནི་དབུལ་ཕོངས་དུད་ཁྱིམ་ཡིན་པ་དང་། ཁོང་ཚོའི་ཁྲོད་ཀྱི་མི་ཆེས་མང་ཆེ་བ་མི་ཚེ་གཅིག་ལའང་རི་བོའི་ཕྱི་རོལ་ཏུ་འགྲོ་མྱོང་མེད་པ་རེད། བར་ཐག་སྤྱི་ལེ་19ཡོད་པའི་གཞུང་ལམ་བཟོ་རྒྱུ་ནི་སེ་ཀྱང་གྲོང་ཚོའི་གྲོང་མི་རྣམས་ཀྱི་རེ་སྒུག་ཆེས་ཆེ་བ་ཞིག་ཏུ་གྱུར་ཡོད་པ་རེད།
    ༄༅།།དབུལ་སྒྲོལ་དང་བར་ཐག་ད་དུང་སྤྱི་ལེ་19ཡོད་པའི་བོད་ཁུལ་གྲོང་ཚོ་ཞིག་གི་རེ་སྒུག
    ༄༅།།དབུལ་སྒྲོལ་དང་བར་ཐག་ད་དུང་སྤྱི་ལེ་19ཡོད་པའི་བོད་ཁུལ་གྲོང་ཚོ་ཞིག་གི་རེ་སྒུག
      

    ཕྱོགས་བསྡུས་གསར་འགྱུར།