འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཆབ་མདོས་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་
    ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། 2017ལོའི་ལོ་སྟོད་ཀྱི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གྱི་གཟེངས་བསྟོད་ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འཚོགས་ཤིང་། ཚོགས་ཆེན་ཐོག་གྲོང་ཁྱེར་དེའི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་48དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་4262 སྔོན་ཐོན་དགོན་སྡེའི་དོ་དམ་ཨུ་ལྷན་48 ཕུལ་བྱུང་དགོན་སྡོད་ལས་བྱེད་པ་48བཅས་ལ་གཟེངས་བསྟོད་བྱས་པ་རེད།
             ཚོགས་འདུའི་ཐོག གཟི་བརྗིད་མཚན་སྙན་ཐོབ་པའི་དགོན་སྡེ་དང་གྲྭ་བཙུན་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཐོབ་པར་དཀའ་བའི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ནས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ཁྲོད་ཞུགས་པའི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས་པ་དང་། སྒྲིག་བཀུར་ཁྲིམས་སྲུང་དང་། རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་འགྲོ་ཕན། ཐོས་བསམ་ལ་གཞོལ་བ། ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་ཡག་པོ་ཞིག་གཏོད་དགོས་པ་དང་། མཐུན་སྒྲིལ་གཅིག་གྱུར་དང་བློ་གཅིག་སེམས་གཅིག གསར་འབྱེད་གསར་གཏོད་དང་ཏན་ཏིག་ལས་སྒྲུབ་བཅས་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་བཏང་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།