འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་བཀོད་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན། 《བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་》ལག་བསྟར་ཞིབ་བཤེར་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་《བོད་སྐད་ཡིག་གི་གཏན་འབེབས་》ལག་བསྟར་དོན་འཁྱོལ་བྱ་ཚུལ་ཉན་པ་མ་ཟད། བོད་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ལ་བླང་བྱ་གསར་པ་ཡང་བཏོན་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འོད་ཟེར་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
          སྙན་ཞུ་གསན་རྗེས། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོངས་དོན་དང་《བོད་སྐད་ཡིག་གི་གཏན་འབེབས་》ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ནས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ཁྲིམས་ལྟར་སྤེལ་བར་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཅེས་བསྟན་པ་རེད།
           ཚོགས་འདུའི་ཐོག་འབྲེལ་ཡོད་ཚན་པ་ཁག་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《བོད་སྐད་ཡིག་གི་གཏན་འབེབས་》ལག་བསྟར་ཞིབ་བཤེར་སྒྲིག་འཛུགས་བྱས་ནས་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། 《བོད་སྐད་ཡིག་གི་གཏན་འབེབས་》ཁྲིམས་འཛིན་ཞིབ་བཤེར་ཏན་ཏིག་ངང་ཡག་པོ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་དུ“སྐད་གཉིས”སློབ་གསོ་ཁྱབ་གདལ་བཏང་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་པ་ལྟེ་བར་རྩི་བ་དང་། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ཁྲིམས་འཛིན་ཞིབ་བཤེར་གྱི་གཙོ་གནད་ལ་རྩི་བ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་ས་གནས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཁྲིམས་འཛིན་ཞིབ་བཤེར་གྱི་དམིགས་ཚད་གཙོ་བོར་རྩི་བ། མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་ཁག་གི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་རྩ་བའི་ལས་འགན་དུ་རྩི་བ་བཅས་མཐའ་འཁྱོངས་ཀྱིས་ལག་བསྟར་ཞིབ་བཤེར་གྱི་ལས་དོན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།