འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་8ཚེས་3ཉིན་ནས་བཟུང་ནང་སོག་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་བཅོ་བརྒྱད་ལ་་ནང་སོག་གི་མྱུར་བགྲོད་མེ་འཁོར་དང་པོ་D6980སྐད་སྒྲ་ཆེ་བའི་རླངས་དུང་གི་སྒྲ་དང་བསྟུན་ཏེ་ཧུའུ་ཧོ་ཧའོ་ཐེའི་མེ་འཁོར་བབས་ཚུགས་ནས་མྱུར་ཚད་སྤྱི་ལེ་250ཡིས་ཝུའུ་ལན་ཁྲ་པུའུ་བབས་ཚུགས་སུ་བསྐྱོད་པ་ལས་ནང་སོག་དངོས་སུ་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་པ་མཚོན་གྱི་ཡོད།
            ཉིན་དེར་ཤར་གཏོང་གཉེར་སྐྱོང་བྱེད་འགོ་ཚུགས་པའི་ཧུའུ་ཧོ་ཧའོ་ཐེའི་ཤར་ཕྱོགས་བབས་ཚུགས་ནས་ཝུའུ་ལན་ཁྲ་པུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ལམ་ཐིག་གི་རིང་ཚད་སྤྱི་ལེ་126ཟིན་པ་དང་ལམ་བར་དུ་སྐར་མ་40ལས་འགོར་གྱི་མེད། ལམ་བརྒྱུད་དུ་ཝུའུ་ལན་ཁྲ་པུའུ་དང་། ཀྲོ་ཙི་ཏུང་། ཆི་ཤ་དབྱིང་ནན། ཧུའུ་ཧོ་ཧའོ་ཐེའི་ཤར་ཕྱོགས་བབས་ཚུགས་བཅས་བབས་ཚུགས་4བཙུགས་ཡོད། ཤར་གཏོང་བྱས་པའི་ཐོག་མའི་དུས་སུ་ཉིན་རེར་མྱུར་བགྲོད་མེ་འཁོར་ཆ་5ཧུའུ་ཧོ་ཧའོ་ཐེ་ནས་ཝུའུ་ལན་ཁྲ་པུའུ་བར་འགྲོ་འོང་བྱེད་པ་ལས་མེ་འཁོར་ཆ་2ནུབ་ཕྱོགས་ཀྱི་པའོ་ཐོའུ་བར་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།