འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སློབ་ཆེན་གྱིས་དཔལ་འབྱོར་ལ་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་གསར་པ་
    བརྒྱ་ལ་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། འདི་ལོའི་དབྱར་གསེང་དུ་ལྷོ་ཕྱོགས་ཀྱི་ཞིང་ཆེན་མང་པོར་ཆུ་ལོག་གི་གནོད་འཚེ་ཐོན་སྟབས་པེ་ཅིང་སློབ་ཆེན་སློབ་མའི་མ་དངུལ་རོགས་སྐྱོར་ལྟེ་གནས་ཀྱིས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྔོན་ཚུད་ནས་སྤྲོད་འགོ་ཚུགས་པ་རེད། ཚེས་3ཉིན་གསར་འགོད་པས་སློབ་གྲྭ་དེ་ནས་ཤེས་རྟོགས་བྱས་པར། སློབ་མའི་འདུན་ཞུ་གཞིར་བཟུང་། པེ་ཅིང་སློབ་ཆེན་གྱིས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་གསར་པ་100ལ་མི་རེར་སྒོར་2000ཡི་ཡན་ཡོན་གཅེས་སེམས་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ་དང་གནོད་འཚེ་ཕོག་པའི་སློབ་མ་གསར་པར་སྔོན་ལ་སྤྲོད་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མ་གསར་པར་བསུ་བ་ཞུ་བའི་ཉིན་དེར་པེ་ཅིང་སློབ་ཆེན་སློབ་མའི་མ་དངུལ་རོགས་སྐྱོར་ལྟེ་གནས་ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་ཡོན་སྤྲོད་མི་ཐུབ་པའི་སློབ་མ་གསར་པར་དངུལ་གཡར་རྒྱུ་ཡིན་པ་རེད། ས་ཆ་དེ་རང་དུ་སློབ་སྐྱོར་དངུལ་བུན་གཡར་བ་དང་འབྲེལ་འཚོ་བའི་མཁོ་ཆས་དང་། ཉལ་ཆས། ལུས་སྦྱོང་གཱ དྲ་ཞུགས་གཱ དེབ་ཉོ་གཱ་སོགས་སློབ་མའི་གཞི་རྩའི་འཚོ་བའི་ཐད་མཁོ་བའི་གཅེས་སེམས་བསྐུར་མ་ཡང་སྤྲད་རྒྱུ་ཡིན་པ་རེད། ད་དུང་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པའི་སློབ་མར་གློག་ཀླད་ཀྱང་སྤྲད་རྒྱུ་ཡིན་པ་རེད། དཀའ་ངལ་ཡོད་པའི་སློབ་མ་གསར་པས་གྲོན་དངུལ་གང་ཡང་སྤྲོད་མི་དགོས་པར་སློབ་ཞུགས་འགྲོ་ལུགས་གཉེར་ཆོག་ལ། གཞི་རྩའི་འཚོ་བའི་མཁོ་ཆས་གང་ཡང་ཉོ་མི་དགོས།
           དོ་སྣང་བྱེད་དགོས་པ་ཞིག་ནི་འདི་ལོ་པེ་ཅིང་སློབ་ཆེན་གྱིས“ཡན་ཡོན་ལག་གདང་སྦྲེལ་བའི”རྣམ་གྲངས་གསར་པ་བཏོན་ནས་དེ་གོང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་50ལྷག་ཙམ་བསྡུས་ཏེ“གྲོགས་་མཆེད”ཀྱི་ངོས་ནས་སློབ་ཞུགས་རྗེས་ཀྱི་དཀའ་ངལ་ཡོད་པའི་སློབ་མ་གསར་པར་གཅིག་གཏད་གཅིག་གིས་ཁྱོན་ཡོངས་ནས་མཛུབ་ཁྲིད་བྱས་པ་དང་ཁོང་ཚོས་སློབ་ཆེན་གྱི་འཚོ་བ་གང་མགྱོགས་གོམས་རྒྱུར་རོགས་རམ་ཡང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།