འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་མེ་འཁོར་སྤ་སེ་འཚོང་སར་ལས་གཉེར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་05ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན་མེ་འཁོར་བསྡད་ནས་ལྷ་སར་སྤུན་མཆེད་ཐུག་པར་འགྲོ་མཁན་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་འབྲོག་པ་ཚེ་བརྟན་གྱིས་དགའ་ཚོར་ཆེན་པོས“ཨ་མདོ་མེ་འཁོར་བབས་ཚུགས་ནས་ལྷ་སར་འགྲོ་བའི་མེ་འཁོར་གྱི་སྤ་སེ་ཉོ་ཐེངས་དང་པོ་ཡིན་པས་སེམས་སྐྱིད་པོ་འདུག”ཅེས་བཤད། ཉིན་ཤས་གོང་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་མེ་འཁོར་སྤ་སེ་འཚོང་སའི་སྐར་ཁུང་སྟེ། མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཚད་སྨི་4702ཡོད་པའི་ཨ་མདོའི་མེ་འཁོར་བབས་ཚུགས་སུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོར་མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་ཚུན། ཨ་མདོ་བབས་ཚུགས་སུ་རྨང་གཞིའི་ཆ་རྐྱེན་དང་ཡུལ་སྐོར་བ་ཉུང་བའི་ཚོད་འཛིན་ཕོག་པའི་དབང་གིས་མེ་འཁོར་བབས་ཚུགས་སུ་སྤ་སེ་འཚོང་སའི་སྐར་ཁུང་བཙུགས་མེད་པས་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་སྔོན་ལ་བབས་ཚུགས་ནང་བསྐྱོད་དེ་བདེ་འཇགས་ཞིབ་བཤེར་བྱས་རྗེས་གཞི་ནས་སྤ་སེ་གསབ་དགོས་ཀྱི་ཡོད། དེར་བརྟེན་ས་གནས་དེ་གའི་ཞིང་འབྲོག་པ་མང་ཚོགས་ཀྱི་འགྲོ་སྐྱོད་ཐད་སྟབས་མི་བདེ་བ་མང་པོ་ཡོང་གི་ཡོད། “ཨ་མདོ་བབས་ཚུགས་སུ་སྤ་སེ་འཚོང་སའི་སྐར་ཁུང་དང་རང་འགུལ་གྱི་སྤ་སེ་འཚོང་ལེན་འཕྲུལ་ཆས་བཙུགས་རྗེས་ས་གནས་དེ་གའི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་སྐྲུན་པ་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད”ཅེས་མཚོ་བོད་ལྕཌ་ལམ་ཀུང་སི་ལྷ་ས་དུམ་བུའི་ཨ་མདོ་བབས་ཚུགས་ཀྱི་ཀྲེན་ཀྲང་ཚེ་རིང་རྒྱ་མཚོས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།