འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུག་ཁུལ་གྱི་གཞོན་ནུའི་གསར་གཏོད་ལས་
    གཏོད་སྦྱོང་བརྡར་སྒར་ས་མཚོ་སྔོན་དུ་སྒོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སྐབས་དང་པོའི་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུག་ཁུལ་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་སྦྱོང་བརྡར་སྒར་ས་མཚོ་སྔོན་དུ་སྒོ་ཕྱེ་བ་རེད། སྦྱོང་བརྡར་སྒར་ས་དེ“རྫ་ཆུ་དང་མའེ་ཀུང་གཙང་པོའི”རྒྱུག་ཁུལ་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་གཞོན་ནུའི་གསར་གཏོད་ཇུས་འགོད་འགྲན་བསྡུར་གྱི་རྨང་གཞིའི་ཐོག་གཉེར་བ་དང་། དེའི་ནང་སྐབས་རིམ་བྱུང་གི་མཐའ་བསྡུར་གྱི་ཕུལ་བྱུང་རྣམ་གྲངས་ཚོགས་པ་གདན་ཞུ་བྱས་ཤིང་། གཙང་པོའི་རྒྱུག་ཁུལ་གྱི་རྒྱལ་ཁབ་དྲུག་གི་མཐོ་སློབ་8ཀྱི་གཞོན་ནུ་35ཀྲུང་གོའི་མཚོ་སྔོན་དུ་འཛོམས་པ་རེད། 
             ལོ་གཉིས་རིང་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུག་ཁུལ་གྱི་རྒྱལ་ཁབ་དྲུག་གི་མཐོ་སློབ་14ཡི་སློབ་མ་90ལྷག་ཙམ་གྱིས་འགྲན་བསྡུར་དེའི་ལས་སྟེགས་བརྒྱུད་དེ་ཆུ་བོའི་རྒྱུག་ཁུལ་བཅོས་སྐྱོང་དང་འཕེལ་རྒྱས་ལ་གཞོན་ནུའི་བློ་རིག་མཁོ་འདོན་བྱས་པ་རེད། སྐབས་གཉིས་ཀྱི་འགྲན་བསྡུར་དང་བྱེད་སྒོ་ཐེངས་བཞིའི་ནང་རྒྱུག་ཁུལ་གྱི་རྒྱལ་ཁབ་དྲུག་གི་མཐོ་སློབ་སློབ་མ་མི་ཐེངས་600ཙམ་ཞུགས་པ་དང་ཁོང་ཚོས་སྲིད་ཇུས་གསར་གཏོད་དང་སྤྱི་ཕན་ལས་གཏོད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཇུས་གཞི་83བཏོན་པ་རེད། འགྲན་བསྡུར་འདི་ཀྲུང་གོ་སློབ་གསོ་པུས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་གསོ་སྤེལ་རེས་བྱེད་པའི་ལོ་འཁོར་གྱི་བྱེད་སྒོའི་བཀོད་སྒྲིག་ནང་བཅུག་ནས་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུག་ཁུལ་གྱི་རྒྱལ་ཁབ་དྲུག་གི་སྲིད་གཞུང་གིས་ཁས་ལེན་བྱས་པའི་རྒྱལ་སྤྱིའི་བྱེད་སྒོ་ཞིག་ཏུ་གྱུར་ཡོད་པ་རེད། 
            མཐའ་བསྡུར་མཇུག་འགྲིལ་རྗེས་བྱ་དགའ་ཐོབ་མཁན་ཚོགས་པས་རིགས་གཅིག་མཁས་གཅིག་གྱི་བསམ་འཆར་གཞིར་བཟུང་། ས་ཆ་དངོས་ཀྱི་བརྟག་ཞིབ་དང་དཔྱད་གཞི་ཕུན་སུམ་ཚོགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བྱེད་འཐུས་རང་བཞིན་ལ་རིགས་པས་ཁུངས་སྐྱེལ་བྱེད་དགོས། འདི་ལོར་སྦྱོང་བརྡར་སྒར་སས་སྤྱི་ཕན་ལག་ལེན་ནམ་ཡང་ན་ལས་གཏོད་སྐྱེད་སྲིང་འཕེལ་རིམ་སྙན་ཞུའི་རྣམ་པ་བརྒྱུད་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་རྗེས་སྙེག་བྱེད་པ་དང་ཆབས་ཅིག གསར་གཏོད་ལས་གཏོད་རྣམ་གྲངས་དང་འབྲེལ་བ་ཡོད་པའི་རིག་གཞུང་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་ལས་རིགས་ཀྱི་ཁེ་ལས་མཁས་ཅན་ལས་གྲུབ་པའི་ཆེད་ལས་ཚོགས་པས་རྒྱལ་ཁབ་དྲུག་གི་སློབ་ཆེན་སློབ་མའི་ཚོགས་པར་རང་སོའི་ཁྱད་ཆོས་ལྡན་པའི་གསར་གཏོད་སློབ་གསོ་དང་གསར་གཏོད་སྐྱེད་སྲིང་ཞབས་ཞུ་མཁོ་འདོན་བྱས་ཏེ། རྒྱུག་ཁུལ་གྱི་རྒྱལ་ཁབ་དྲུག་གི་བཅོས་སྐྱོང་དང་འཕེལ་རྒྱས་སྐོར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།