འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཅི་པོའུ་ཐི་རུ་བཅའ་སྡོད་རང་རྒྱལ་གྱི་འགན་སྲུང་རྟེན་གཞིའི་དཔུང་སྡེ་སྒར་སར་བཅའ་སྡོད་ཀྱི་
    མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཅི་པོའུ་ཐི་རུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འགན་སྲུང་རྟེན་གཞིའི་དཔུང་སྡེ་སྒར་ཁུལ་དུ་བཅའ་སྡོད་ཀྱི་མཛད་སྒོ་ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་1ཉིན་རྟེན་གཞིའི་སྒར་སར་འཚོགས་པ་རེད། དེ་ལས་རང་རྒྱལ་གྱི་ཕྱི་རྒྱལ་གྱི་འགན་སྲུང་རྟེན་གཞི་ཐོག་མ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཏེ་ཡ་ཏིང་མཚོ་ཁུག་དང་སོ་མ་ལི་མཚོ་ཁོངས་སོགས་སུ་མཚོ་འགྲུལ་སྲུང་སྐྱེལ་དང་དེ་བཞིན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་རྒྱལ་སྤྱིའི་འོས་འགན་དེ་བས་ལེགས་པའི་ངང་བསྒྲུབ་རྒྱུ་ཡིན་པ་མཚོན་ཡོད།
            མཛད་སྒོའི་ཐོག་དང་ཐོག་ཅི་པོའུ་ཐི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་དང་དེ་རྗེས་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་མཉམ་དུ་དམར་མདངས་བཀྲ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དལ་བུར་སྒྲེང་ནས་ཅི་པོའི་ཐི་རུ་བཅའ་སྡོད་འགན་སྲུང་རྟེན་གཞིའི་སྒར་སའི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་དང་མཛད་སྒོར་ཞུགས་མཁན་དཔོན་དམག་གི་འཐུས་མི་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་རྒྱལ་དར་ལ་སྒམ་ནན་ངང་གུས་འདུད་ཞུས་པ་རེད། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་དམག་གཟིགས་མཛད་སྒོ་འཚོགས་ཤིང་། རང་རྒྱལ་མཚོ་དམག་གི་དམག་གྲུར་ཞུགས་ཏེ་ཅི་པོའུ་ཐི་རུ་འབྱོར་མ་ཐག་པའི་རང་རྒྱལ་གྱི་རྟེན་གཞིའི་དཔོན་དམག་ཁག་ཅིག་ལས་གྲུབ་པའི་མི་སྣའི་རུ་སྟར་གྲུ་བཞི་4དང་གོ་མཚོན་གྱི་རུ་སྟར་གྲུ་བཞི་1དང་དེ་བཞིན་ཅི་པོའུ་ཐི་ཡི་དམག་དཔུང་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་གིས་སྒར་སའི་ཐང་ཆེན་དུ་གྲལ་འགྲིག་པོས་དམག་གཟིགས་སྤྱན་འབུལ་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།