འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི“འདོད་
    ཚུལ་ཁག་བཞི”དོན་འཁྱོལ་བྱས་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་རྒྱུན་
    མཐུད་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལིའུ་ཅེ་དབྱིས་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི“འདོད་ཚུལ་ཁག་བཞིར”བརྡ་ལན་ཧུར་ཐག་ཞུས་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་རྒྱུན་མཐུད་ཞི་བདེ་ཡོང་བར་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
           ལིའུ་ཅེ་དབྱིས་ཟླ་7པར་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་འཁོར་ཀྲུའུ་ཞིའི་འགན་འཁུར་རིང་འཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་མཐའ་མཇུག་གི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པ་སི་དང་གྲོས་མོལ་གནང་སྐབས་དུས་བབ་གསར་པའི་འོག་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་བའི“འདོད་ཚུལ་ཁག་བཞི”བཏོན་གནང་ནས“རྒྱལ་ཁབ་གཉིས་པོའི་ཇུས་གཞི”རྨང་གཞིར་བྱེད་པའི་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་མ་གཏོང་བ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་ཚུལ་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་དང་སྔར་བས་མཐུན་སྦྱོར་ཡོང་བའི་ཐད་འབད་བརྩོན་བྱས་ནས་ཞི་བདེ་ཡོང་བར་སྐུལ་མ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་པ། ཕྱོགས་བསྡུས་ཐོག་ཐབས་ཇུས་ལག་ལེན་བསྟར་ཏེ་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེ་ཡོང་བར་སྐུལ་མ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད་ཅེས་བརྗོད་པ་རེད།
           ལིའུ་ཅེ་དབྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི“འདོད་ཚུལ་ཁག་བཞི”ནི་ཀྲུང་གོས་མིག་སྔའི་དུས་བབ་དང་རྒྱལ་སྤྱིའི་ཁོར་ཡུག་ལ་གཞིགས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ཡོང་བའི་ཐད་ཀྱི་འབད་བརྩོན་གསར་པ་ཞིག་ཡིན་ལ་ཀྲུང་གོས་དུས་མཚམས་རྗེས་མར་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ཡོང་རྒྱུར་སྐུལ་མ་གཏོང་བའི་གཞི་རྩའི་བསྲུང་བྱ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
           ཁོང་གིས་ཀྲུང་གོས་མུ་མཐུད་དེ་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གནད་དོན་ཕྱོགས་ཡོངས་དང་། གཞུང་དྲང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་ཐག་གཅོད་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཡོང་བ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།