འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་6རྐྱེན་ལམ་དུ་ཤོར་བ་དང་མི་86ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་6རྐྱེན་ལམ་དུ་ཤོར་བ་དང་མི་86ལ་རྨས་སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། ཧྲའན་ཤིས་ཞིང་ཆེན་སུའུ་ཏེ་རྫོང་གཞུང་ཕྱོགས་བརྡ་ཁྱབ་བཏང་བར་ལྟར་ན། ས་གནས་དེར་ཚེས་26ཉིན་ཆུ་ལོག་ཆེན་པོ་བྱུང་བ་དང་། ད་ལྟའི་བར་དུ་མི་ཁྲི་13.53ལ་གནོད་འཚེ་ཕོག་ཡོད་པ་དང་། མི་6རྐྱེན་ལམ་དུ་ཤོར་བ། མི་86ལ་རྨས་སྐྱོན་ཕོག་ཡོད་ཚུལ་བརྗོད། 
         ཟླ་7ཚེས་25ཉིན་གྱི་ཆུ་ཚོད་23:00ནས་ཚེས་26ཉིན་གྱི་ཆུ་ཚོད་8:00པར་དུ། སུའུ་ཏེ་རྫོང་དུ་ཆར་པ་ཆེན་པོ་བབས་ནས་ཧའོ་སྨི་247.6ཟིན་པས། གནོད་འཚེ་ཕོག་ཚུལ་ལོ་བརྒྱའི་ནང་མཐོང་དཀོན་པའི་ཆུ་ལོག་ཆེན་པོ་བྱུང་ཡོད་པ་རེད།  
         གནོད་འཚེ་བྱུང་འབྲས་མཇུག་མཐའི་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ས་གནས་དེ་གར་ཆུ་ལོག་ཆེན་པོ་བྱུང་ནས་གནོད་སྐྱོན་ཕོག་པའི་མི་ཁྲི་13.53དང་། དེ་ལས་མི་6རྐྱེན་ལམ་དུ་ཤོར་བ། མི་86ལ་གནོད་སྐྱོན་ཕོག་པ། རྒྱ་ཁྱོན་མུའུ་50202ཀྱི་ལོ་ཏོག་ལ་གནོད་འཚེ་ཕོག་ནས། མི་དང་དུད་འགྲོ་(བ་གླང་དང་བོང་བུ་)102 ལུག་2699 ཕག་པ་2939 ཁྱིམ་བྱ་30168 གསོ་སྤེལ་ར་བ་39ལ་བཅས་ལ་གཏོར་བཤིག་ཕོག་པ།  དུད་ཁྱིམ་194ཡི་ཁང་པ་314ཞིག་པ། དུད་ཁྱིམ་1194ཡི་ཁང་པ་2337སེར་ག་གས་པ། གྲོང་ཁུལ་གྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་4290དང་རླངས་འཁོར་1562ལ་གནོད་སྐྱོན་ཕོག་པ་(ས་འོག་རླངས་འཁོར་མཛོད་ཁང་གི་རླངས་འཁོར་ཚུད་མེད་པ་) ཡོད་པ་རེད། 
    ༄༅།།ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་6རྐྱེན་ལམ་དུ་ཤོར་བ་དང་མི་86ལ་རྨས་སྐྱོན་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།