འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་རྡོ་རྗེ་གླིང་གི་ཟིང་ཆ་ལངས་ཁུལ་གྱི་ཛ་དྲག་ཆེ་བའི་གནས་བབ་རྒྱུན་མཐུད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་རིང་རྒྱ་གར་རྡོ་རྗེ་གླིང་ས་ཁུལ་གྱི་ཛ་དྲག་ཆེ་བའི་གནས་བབ་རྒྱུན་མཐུད་ཅིང་། ཉིན་40ལྷག་རིང་བསྟུན་མར་ལས་མཚམས་བཞག་པ་དང་ཟིང་ཆ་བྱུང་ཚུལ་མཇུག་འགྲིལ་བའི་མཚོན་ཚུལ་སྔར་བཞིན་མེད་པ་རེད། རང་བཙན་གྱི་མངའ་སྡེ་འཛུགས་རེ་བྱེད་པའི་གོར་ཁ་བའི་རྔམ་སྟོན་བྱེད་མཁན་ཚོས་ཉིན་གཉིས་རིང་བསྟུད་མར་ཉེན་རྟོག་པ་དང་དྲག་པོའི་གདོང་གཏུག་བྱས་ཏེ་ཉུང་མཐར་ཡང་ཉེན་རྟོག་པ་6དང་རྔམ་སྟོན་བྱེད་མཁན་འགའ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ཚེས་29ཉིན་གོར་ཁ་བའི་རྔམ་སྟོན་བྱེད་མཁན་གྱིས་རྡོ་རྗེ་གླིང་དང་བར་ཐག་སྤྱི་ལེ་15ཡོད་པའི་སུའུ་ཁེ་ནཱ་རུ་འདུ་ཚོགས་བྱེད་སྐབས་ཉེན་རྟོག་པས་བཀག་འགོག་བྱེད་པས། ཕྱོགས་གཉིས་བར་དྲག་པོའི་གདོང་གཏུག་བྱུང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་རྔམ་སྟོན་བྱེད་མཁན་གྱིས་ཉེན་རྟོག་པར་རྡོ་བརྒྱབ་པ་དང་ཉེན་རྟོག་པའི་རླངས་འཁོར་མེར་བསྲེག་པ་ལ་སྐྱོན་བརྗོད་བྱས་པ་དང་། རྔམ་སྟོན་བྱེད་མཁན་གྱིས་ཉེན་རྟོག་པས་རྔམ་སྟོན་པར་མེ་མདའ་བརྒྱབ་ནས་ཉུང་མཐའ་ཡང་རྔམ་སྟོན་བྱེད་མཁན་4ལ་རྨས་སྐྱོན་བཟོས་པ་དང་། དེའི་ཁྲོད་དུ་མི་གཅིག་ལ་རྨས་སྐྱོན་ཚབས་ཆེ་བ་བཟོས་ཡོད་ཅེས་བཤད་པ་རེད།
         གོར་ཁ་བའི་མི་རིགས་རང་བཙན་ལས་འགུལ་རྩ་འཛུགས་ཀྱི་གཏམ་བཤད་པ་པི་ནུའོ་དབྱི·ཐཱ་མང་ཀེ་ཡིས་ཚེས་30ཉིན་ནི"སའི་གོ་ལ་ཧྲིལ་པོས་འདུ་ཚོགས་བྱས་ཏེ་གོར་ཁ་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་པའི་ཉིན་མོ"ཡིན་ཞིང་། གོར་ཁ་བར་རྒྱབ་སྐྱོར་བྱེད་མཁན་ཚོས་ཉིན་དེར་ཨ་ལི་པུར་ཏུའུ་ཨར་ས་ཁུལ་དུ་ཁྲོམ་སྐོར་འདུ་ཚོགས་བྱེད་སྐབས་ཉེན་རྟོག་པས་བཀག་འགོག་བྱས་པས་ཕན་ཚུན་བར་གདོང་གཏུག་བྱུང་ཡོད"ཅེས་བརྗོད་པ་རེད།
         ཚེས་29ཉིན་གོར་ཁ་བའི་མི་རིགས་རང་བཙན་ལས་འགུལ་རྩ་འཛུགས་ཀྱིས་རྡོ་རྗེ་གླིང་སྤྱི་ཁྱབ་པུའུ་རུ་ཛ་དྲག་ཆེ་བའི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་སྲིད་གཞུང་ལ་ཉིན་བཅུའི་དུས་བཀག་གི་མཐའ་མའི་ཐ་ཚིག་བཏང་བ་སྟེ། སྲིད་གཞུང་གིས་གལ་ཏེ་ཟླ་8ཚེས་8ཉིན་སླེབས་སྐབས་སྔར་བཞིན་གོར་ཁ་བའི་རང་བཙན་མངའ་སྡེ་འཛུགས་རེ་ཞུས་པར་སྣང་མེད་ཚོར་མེད་བྱས་པ་ཡིན་ན། ཟིང་ཆ་སྔར་ལས་ཇེ་ཆེར་འགྲོ་རྒྱུ་རེད་ཅེས་གསལ་བསྒྲགས་བྱས་པ་རེད།
         རྡོ་རྗེ་གླིང་ས་ཁུལ་ནི་བྷང་ག་ལ་ནུབ་རྒྱུད་ཀྱི་མངའ་སྡེའི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པ་དང་། དེ་ནི་སྐད་གྲགས་ཆེ་བའི་རྡོ་རྗེ་གླིང་ཇ་པ་ཏི་ཐོན་ཁུལ་ཡིན་ལ། ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྲགས་ཅན་ཞིག་ཀྱང་ཡིན་པ་རེད། ཟླ་བ་6པའི་ཟླ་དཀྱིལ་དུ་བལ་པོའི་སྐད་བཤད་པའི་གོར་ཁ་བ་ཚོས་སྲིད་གཞུང་གིས་གཞུང་བཙུགས་སློབ་གྲྭར་བཙན་ཐབས་ཀྱིས་བྷང་ག་ལའི་སྐད་ཀྱི་སློབ་ཁྲིད་ཁྱབ་སྤེལ་གཏོང་བར་ཡི་མི་རང་བས། ཁྲོམ་སྐོར་རྔམ་སྟོན་བྱེད་སྒོར་སྤེལ་ནས་རང་བཙན་མངའ་སྡེ་འཛུགས་རེ་བཏོན་པའི་རྐྱེན་གྱིས་ཟིང་ཆ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།