འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ། 

    ཞིང་ཆེན་ཁག་གིས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་41.5ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              མི་དམངས་དྲ་བའི་འཕྲིན། འདི་ལོའི་ལོ་སྟོད་དུ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ཟླ་6པའི་ཟླ་མཇུག་བར། ཞིང་ཆེན་ཁག་གིས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་41.5ལག་བསྟར་བྱས་པས། ལོ་ཧྲིལ་པོའི་ལས་འགན་གྱི་22%ལེགས་གྲུབ་བྱུང་བ་དེ་ཞིང་འཕྲུལ་ཕྱིར་ཚོང་ཁྲོམ་རའི་ཆོས་ཉིད་དང་གཞི་རྩའི་ཆ་ནས་མཐུན་ཡོད་པ་རེད། མིག་སྔའི་གནས་ཚུལ་ལ་བལྟས་ན། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་ལས་དོན་སྤེལ་བར་ཕན་འབྲས་ཅུང་ཡག་པོ་ཐོན་ནས་བཀྲག་མདངས་འཚེར་ས་འགའ་ཞིག་མངོན་ཡོད་པ་རེད།
              ཁ་གསབ་མ་དངུལ་སྔ་སྣུར་དུ་ཐེངས་གཅིག་ལ་འདང་ངེས་སྤྲད་ཅིང་། ཀྲུང་དབྱང་ནོར་སྲིད་ཀྱིས་ན་ནིང་གི་ལོ་མཇུག་ཏུ་ཞིང་ཆེན་ཁག་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་186ཐེངས་གཅིག་ལ་འདང་ངེས་སྤྲད་དེ་ལས་དོན་ཁག་བདེ་བླག་ངང་སྤེལ་བ་དང་ཞིང་པར་དུས་ཐོག་ཏུ་ཁ་གསབ་སྤྲོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཞིང་ཆེན་བཞི་ཆ་གསུམ་ལས་བརྒལ་བས“སྔོན་ལ་ཉོ་བ་དང་རྗེས་སུ་ཁ་གསབ་སྤྲོད་པའི”བཀོལ་སྤྱོད་བྱེད་སྟངས་ཁྱབ་གདལ་བཏང་སྟེ་ཞིང་འཕྲུལ་ཉོ་མཁན་ཞིང་པར་སྔོན་ལ་རེ་ཞུའི་དམིགས་ཚད་བཏོན་པས། ཞིང་པས་ཞིང་འཕྲུལ་ཉོ་བའི་སྔོན་དཔག་སྔར་བས་བརྟན་དུ་ཕྱིན་པ་དང་ཞིང་པས་ཁ་གསབ་རེ་ཞུ་བྱེད་བདེ་རུ་ཕྱིན་ཡོད་པ་རེད།
           ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བར་ཕན་འབྲས་གསར་པ་ཐོན་ཞིང་། ཞིང་ལས་པུའུ་དང་ནོར་སྲིད་པུས་མཉམ་འབྲེལ་ཐོག་《ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་མ་དངུལ་དོ་དམ་བྱ་ཐབས་》དང་《2017ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་སོགས་ཀྱི་རྣམ་གྲངས་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》 《ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་ཐོན་རྫས་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་བྱེད་སྤྱོད་ཐག་གཅོད་བྱེད་ཐབས་(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ཡིག་ཆ་པར་འགྲེམས་བྱས་ཤིང་། 2005ལོར་པར་འགྲེམས་བྱས་པའི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་དེ་ལག་བསྟར་བྱེད་མཚམས་བཞག་པས་གཞི་རིམ་གཙོ་གཉེར་སྡེ་ཚན་གྱི་ལག་བསྟར་བཀོལ་སྤྱོད་སྔར་བས་བྱེད་བདེ་རུ་ཕྱིན་པ་དང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཕྲུལ་ཆས་ཡོ་བྱད་ལ་ཁ་གསབ་སྤྲོད་རྒྱུར་སྔར་བས་ནན་བཤད་བྱས་པས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་སོང་བ་དང་། ཞིང་ལས་དང་ནོར་སྲིད་ཀྱིས་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་བྱེད་པའི་ལམ་སྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་པས། ཞིང་འཕྲུལ་ཁེ་ལས་དང་ཉོ་སྒྲུབ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། ལྷག་བསམ་རྣམ་དག ཡིད་ཆེས་བཅས་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་སྔར་བས་ནུས་ལྡན་བྱུང་ནས་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཡག་པོ་ཡོད་པ་རེད།
             གསར་གཏོད་དང་ཚོད་ལྟ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2016ལོར་ཞིང་འཕྲུལ་གྱི་ཐོན་རྫས་གསར་པར་ཁ་གསབ་སྤྲོད་པའི་ཚོད་ལྟའི་ལས་དོན་གྱི་རྨང་གཞིའི་ཐོག་ཞིང་ཆེན་10ལ་ཚོད་ལྟའི་ངང་ཞིང་འཕྲུལ་གྱི་ཐོན་རྫས་གསར་པར་ཁ་གསབ་སྤྲོད་རྒྱུར་རྒྱ་བསྐྱེད་དང་། ཞིང་འཕྲུལ་ཐོན་རྫས་ཁྱབ་གདལ་དང་བཀོལ་སྤྱོད་གསར་གཏོད་གང་མགྱོགས་བྱས་ནས་ཐོན་རྫས་གསར་པ་ཁ་གསབ་ཁྱབ་ཁོངས་ནང་འཇུག་པའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཟོས་པ་རེད། བོད་ལྗོངས་དང་ཤིན་ཅང་ལྷོ་རྒྱུད་ས་ཁུལ་དུ་ཁ་གསབ་ཧེ་བག་ཅན་གྱི་ཚོད་ལྟ་བྱས་ཏེ། ཁ་གསབ་ཁྱབ་ཁོངས་ཆེ་རུ་འོས་འཚམ་གཏོང་བ་དང་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ཡོད་པ་རེད།
            གསོག་ཉར་མ་དངུལ་གང་འགབ་ཅི་སྤྱོད་བྱ་རྒྱུར་གཙིགས་ཆེན་བྱས་ཤིང་། ས་ཁུལ་ཁག་གཅིག་ལ་སྔོན་ཆད་གསོག་ཉར་བྱས་པའི་མ་དངུལ་གྱི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་པའི་གནད་དོན་ལ་དམིགས་ནས། མ་དངུལ་དགོས་མཁོའི་རྟག་དཔྱད་བྱེད་སྟངས་ལེགས་སུ་བཏང་སྟེ་མ་དངུལ་བེད་སྤྱོད་དངོས་བྱེད་ཚད་དེ་མ་དངུལ་བགོ་བཤའ་རྒྱག་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་བརྩི་བ་དང་འབྲེལ་དབང་ཆར་གཙིགས་ཆེན་བྱེད་ཤུགས་ཆེ་རུ་བཏང་བས་མ་དངུལ་བགོ་བཤའི་གནད་འཁེལ་རང་བཞིན་དང་ཚན་རིག་དང་མཐུན་པའི་རང་བཞིན་མཐོ་རུ་ཕྱིན་པ་དང་། ས་ཁོངས་དབར་གྱི་ཆད་ལྷག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་གསོག་ཉར་མ་དངུལ་ནུས་ཤུགས་ཡོད་རྒུས་གང་འགབ་ཅི་སྤྱོད་བྱས་པས་མ་དངུལ་བྱེད་སྤྱོད་བྱེད་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།