འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་འོད་ཟེར་དབུལ་སྐྱོར་འདུ་འགོད་ཧོ་པེ་ཞིང་ཆེན་དུ་རྣམ་གྲངས་ཚོད་ལྟ་བྱེད་
    འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་འོད་ཟེར་དབུལ་སྐྱོར་འདུ་འགོད་ཚེས་21ཉིན་ཧོ་པེ་ཞིང་ཆེན་ཀྲུའུ་མ་ཏན་གྲོང་ཁྱེར་དུ་རྣམ་གྲངས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་། རྒྱལ་ཁབ་འཕྲོད་བསྟེན་འཆར་རྩ་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་གྲོས་འགོ་བཏོན་པའི་བདེ་ཐང་དབུལ་སྐྱོར་རྣམ་གྲངས་དེས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱི་རྫོང་2125ཡི་ཡིག་ཚགས་དང་གཱ་བཟོས་པའི་སྐྱ་འགྲིབ་ཕོག་མཁན་ལ་སྨན་བཅོས་གཤགས་བཅོས་བྱ་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། འོད་ཟེར་དབུལ་སྐྱོར་འདུ་འགོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་2017ལོ་འཁོར་གྱི་གཙོ་གནད་ལས་ཀའི་འཆར་གཞིའི་གྲས་སུ་བཅུག་ཡོད་པ་དང་། རྣམ་གྲངས་དེས་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་བདེ་ཐང་དབུལ་སྐྱོར་ནང་ཞུགས་རྒྱུ་ཡིན་པ་དང་། དེ་ཐོག་ནས་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་གསར་པ་མཚོན་ཡོད་ལ་རྒྱལ་ཁབ་ཀྱི“གནད་སྨིན་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར”གྱི་འཐབ་ཇུས་ཀྱི་ཕན་འབྲས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་པ་རེད། 
          ཀྲུང་གོ་དབུལ་སྐྱོར་དང་བླངས་ཞབས་ཞུའི་སྐུལ་འདེད་ལྷན་ཚོགས་ཀྱིས་རོགས་སྐྱོབ་མ་དངུལ་གྲབས་བསྡུ་བྱེད་པའི་རྣམ་པའི་ཐོག་ནས་ནད་པས་གཏོང་བའི་གཤགས་བཅོས་ཀྱི་གྲོན་དངུལ་ཁག་གཅིག་ཐག་གཅོད་བྱས་ཡོད་པ་དང་། རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ཀྲུང་གོའི་དབུལ་སྐྱོར་དང་བླངས་ཞབས་ཞུའི་སྐུལ་འདེད་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚུགས་དང་ཀྲུང་གོའི་སྤྱི་ཚོགས་དབུལ་སྐྱོར་དྲ་ཚུགས་སུ་སྤྱི་ཚོགས་ཡོངས་ལ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འོད་ཟེར་དབུལ་སྐྱོར་འདུ་འགོད་ཚོད་ལྟའི་ལས་དོན་གྱིས་ཀྲུའུ་མ་ཏན་གྲོང་ཁྱེར་ཉེ་འཁོར་གྱི་རྫོང་9ཡི་ཡིག་ཚགས་དང་གཱ་བཟོས་པའི་སྐྱ་འགྲིབ་ཕོག་མཁན་500ཙམ་ལ་རིན་མེད་སྨན་བཅོས་གཤགས་བཅོས་བྱེད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཀྲུང་གོའི་དབུལ་སྐྱོར་དང་བླངས་ཞབས་ཞུའི་སྐུལ་འདེད་ལྷན་ཚོགས་ཀྱིས་ཚོད་ལྟའི་ལག་བསྟར་ཉམས་མྱོང་ཕྱོགས་སྡོམ་བྱས་རྗེས་རྒྱལ་ཡོངས་སུ་རིམ་གྱིས་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།