འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནད་གཡོག་ལས་དོན་པ་6ལ་ནན་ཏིང་ཀེར་གྱི་གཟེངས་རྟགས་ཐོབ་པ།

    ལི་ཡོན་ཁྲའོ་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་23ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན། སྐབས་46པའི་ནན་ཏིང་ཀེར་གྱི་གཟེངས་རྟགས་སྤྲོད་པའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པའི་མཚན་འཛིན་ཚོགས་གཙོ་བཅས་ཡིན་པའི་ལི་ཡོན་ཁྲའོ་ཡིས་ཀྲུང་གོའི་བྱ་དགའ་ཐོབ་མཁན་6ལ་གཟེངས་རྟགས་གནང་བ་རེད།
            ནན་ཏིང་ཀེར་བྱ་དགའ་ནི་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་བཙུགས་པ་དང་། དེ་ནི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་གྱི་ཕུལ་བྱུང་ནད་གཡོག་པར་གཟེངས་བསྟོད་བྱ་ཆེད་སྤྲད་པའི་མཚན་སྙན་མཐོ་ཤོས་དེ་ཡིན་པ་རེད། འདི་ལོ་ཁྱོན་རྒྱལ་ཁབ་22ཀྱི་ནད་གཡོག་ལས་དོན་པ་39ལ་བྱ་དགའ་ཐོབ་པ་དང་། རང་རྒྱལ་འདི་ཉིད་1983ལོར་དཔྱད་འདེམས་བྱེད་སྒོར་ཐོག་མར་ཞུགས་ཚུན་ཕུལ་བྱུང་ནད་གཡོག་ལས་དོན་པ་79ལ་དམིགས་བསལ་གྱི་མཚན་སྙན་དེ་ཐོབ་ཡོད་པ་རེད།
           སྐབས་འདིར་བྱ་དགའ་ཐོབ་པའི་རང་རྒྱལ་གྱི་ནད་གཡོག་ལས་དོན་པ་6པོ་ནི་ཀྲུང་རི་མཛའ་གྲོགས་སྨན་ཁང་ནད་གཡོག་པུའི་མཚན་འཛིན་ཀྲུའུ་རེན་ལི་ཤིའུ་ཧྭ་དང་། ཧྲན་ཤིས་གསོ་རིག་སློབ་ཆེན་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་ནད་གཡོག་པུའི་ཀྲུའུ་རེན་དབྱང་ཧུའེ། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་ནད་གཡོག་པུའི་ཀྲུའུ་རེན་དབྱང་ཧུའེ་ཡུན། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་ཐོག་ཁང་ལྷོ་མའི་ནད་ཐོག་སྨན་བཅོས་པུའི་ནད་གཡོག་པུའུ་ཡི་ཀྲུའུ་རེན་དབྱང་ལིས། ཅི་ལིན་སློབ་ཆེན་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་ནད་གཡོག་པུའི་ཀྲུའུ་རེན་གཅིག་ལྕོགས་དབྱིན་ཡན་ལིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་དམག་ཁོངས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་འགོས་ནད་ཚན་ཁག་གི་གཙོ་འགན་ནད་གཡོག་ཡིའུ་ཅན་ཕིང་བཅས་རེད།
           རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པའི་ཚོགས་གཙོ་ཁྲེན་ཀྲུའུ་ཡིས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་ཡིས་བྱ་དགའ་ཐོབ་མཁན་ལ་མཚན་སྙན་ལག་ཁྱེར་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།