འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ཧྥེ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་དཔོན་ཟུར་པ་སུང་མེ་ཧྭ་ལ་སྒོར་ཁྲི་
    500ལྷག་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པས་འདྲི་ཞིབ་ཁེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན། ཧོ་ཧྥེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཀྱི་ཨུ་ཡོན་དང་འགྲིམ་འགྲིམ་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་དཔོན་ཟུར་པ་སུང་མེ་ཧྭ་ལ་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པའི་གྱོད་དོན་ཧོ་ཧྥེ་གྲོང་ཁྱེར་ལུའུ་ཅང་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ས་ཡོངས་གྲགས་སུ་འཚོགས་ནས་ཞིབ་གཅོད་བྱས་ཤིང་། དེའི་གྱོད་དོན་དང་འབྲེལ་བའི་དངུལ་གྲངས་སྒོར་ཁྲི་500ལྷག་ཟིན་པ་རེད། 
        གཞུང་གཏུག་ལས་ཁུངས་ཀྱིས་སུང་མེ་ཧྭ་ཡིས་ཧོ་ཧྥེ་གྲོང་ཁྱེར་གྱི་སྤྱི་བདེ་ཅུས་སུ་ལས་འགན་ཁུར་བའི་རིང་ལ། ལས་ཐོག་གི་སྟབས་བདེ་ཐེངས་མང་བེད་སྤྱད་ནས་ཚོང་པ་ཏའེ་ཆེ་གེ་མོ་དང་། ཕན་ཆེ་གོ་མོ། ཝུའུ་ཆེ་གེ་མོ་སོགས་སམ་གྲོགས་པོ་གཞན་ལ་རླངས་འཁོར་ལོ་རེའི་ཞིབ་བཤེར་དང་། རླངས་འཁོར་སྒྲིག་ལམ་ལས་འགལ་བར་ཆད་གཅོད། ཆང་བཏུང་རྗེས་རླངས་འཁོར་བཏང་བར་ཆད་གཅོད་བཅས་ལ་རོགས་རམ་བྱས་པ་སོགས་ལ་གོང་གསལ་མི་སྣ་དང་དེ་བཞིན་སྡེ་ཚན་གྱི་དངུལ་དངོས་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་541.7དང་། ཤང་ཀང་སྒོར་ཁྲི་2.2 དེ་བཞིན་དུ་ཁྲི་31.9རི་བའི་ཧྥེང་ཐེན་རླངས་འཁོར་གཅིག་བཅས་ཀྱི་ལྐོག་རྔན་ཐེངས་13བླངས་པའི་ཉེས་བགྲང་ཞུ་གཏུག་བྱས་པ་རེད།
         སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བའི་དོགས་དོགས་གཞི་ཡོད་པས། སུང་མེ་ཧྭ་ཡིས་2016ལོའི་ཟླ་4པར་རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱས་པ་རེད།
         ཚེས་13ཉིན་ཁྲིམས་ས་འཚོགས་ཡུལ་དངོས་སུ་སུང་མེ་ཧྭ་ཡིས་ཉེས་བགྲང་ཞུ་གཏུག་བྱས་པ་མང་ཆེ་བར"རང་ཉེས་ངོས་ལེན"ཞུས་པ་དང་། དེའི་དག་འབུད་མཁན་གྱིས་ཉེས་བགྲང་ཞུ་གཏུག་བྱས་དོན་ཁ་ཤས་ལ་བསམ་འཆར་མི་མཐུན་པ་བཏོན་པ་རེད། གཞུང་གཏུག་ལས་ཁུངས་ཀྱིས་སུང་མེ་ཧྭ་ཡི་བྱ་སྤྱོད་ནི་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པའི་ངོས་འཛིན་བྱས་པས། ཁྲིམས་ཁང་ལ་ཁྲིམས་ལྟར་ཁྲིམས་ཆད་གཅོད་རྒྱུར་ཞུས་པ་དང་། ཁྲིམས་ཁང་གིས་ཁྲིམས་ས་རང་དུ་དཔྱད་མཚམས་ཁྱབ་བསྒྲགས་བྱས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།