འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇི་ཡིས་གནད་འགག་ཆེ་བའི་ཁྲིམས་དོན་གྲོས་གཞི་ཡོངས་བསྒྲགས་བྱས་ཏེ"ཡོ་རོབ་
    མནའ་འབྲེལ་དང་ཁ་བྲལ"རྗེས་ཀྱི་ཡོ་རོབ་མནའ་འབྲེལ་གྱི་ཁྲིམས་ལུགས་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་དབྱིན་ཇིས་《ཁྲིམས་དོན་གྲོས་གཞི་མེད་པར་བཟོ་བ་》ཞེས་པའི་གནད་འགག་ཆེ་བའི་ཁྲིམས་ལུགས་ཡིག་ཆ་ཞིག་ཡོངས་བསྒྲགས་བྱས་ཤིང་། དེའི་དམིགས་ཡུལ་ནི་ད་ཡོད་ཡོ་རོབ་མནའ་འབྲེལ་གྱི་ཁྲིམས་ལུགས་དེ་དབྱིན་ཇི་རྒྱལ་ནང་གི་ཁྲིམས་ལུགས་སུ་བསྒྱུར་ནས་དབྱིན་ཇི"ཡོ་རོབ་མནའ་འབྲེལ་དང་ཁ་བྲལ"རྗེས་ཀྱི་ཁྲིམས་ལུགས་འབྲེལ་མཐུད་བྱེད་པར་གྲ་སྒྲིག་བྱ་རྒྱུ་རེད།
         ཉིན་དེར་དབྱིན་ཇི"ཡོ་རོབ་མནའ་འབྲེལ་དང་ཁ་བྲལ་བ"ཡི་ལས་དོན་བློན་ཆེན་ཏའེ་ཝེ་སི་ཡིས་ཏང་ཤོག་ཁག་གིས་དབྱི་ཧུའེ་གྲོས་ཚོགས་སུ་མཉམ་ལས་བྱས་ནས་ཁྲིམས་དོན་གྲོས་གཞི་བདེ་བླག་ངང་གྲོས་འཆམ་བྱུང་བར་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད། ངོ་རྒོལ་ཏང་བཟོ་བའི་ཏང་གི"ཡོ་རོབ་མནའ་འབྲེལ་དང་ཁ་བྲལ་བ"ལས་དོན་གྱི་འགན་འཁུར་མཁན་གྲ་སྒྲིག་བྱེད་བཞིན་པའི་སྲིད་གཞུང་གི་ཁོངས་མི་སི་ཐ་མའེ་ཨེར་གྱིས་དེའི་སྔོན་དུ་བཟོ་པའི་ཏང་གིས་ད་ཡོད་ཀྱི་《ཁྲིམས་དོན་གྲོས་གཞི་མེད་པར་བཟོ་བ་》ལ་རྒྱབ་སྐྱོར་བྱེད་མི་སྲིད་ཅེས་བསྟན་པ་མ་ཟད། འབྲེལ་ཡོད་བཟོ་བཅོས་བསམ་འཆར་ཡང་བཏོན་པ་རེད།
         ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། དབྱིན་ཇི་ཡོ་རོབ་མནའ་འབྲེལ་དུ་ཞུགས་པའི་ལོ་ངོ་40ལྷག་སོང་བའི་ལོ་རྒྱུས་ཁྲོད་དུ། ཡོ་རོབ་མནའ་འབྲེལ་དང་འབྲེལ་བའི་ཁྲིམས་ལུགས་ཁྲི་ཕྲག་ལྷག་དབྱིན་ཇིའི་ཁྲིམས་ལུགས་མ་ལག་ཏུ་ཟླ་སྒྲིལ་བྱས་ཡོད་ཅིང་། དེ་དག་གི་ཁྲོད་དུ་ཡོ་རོབ་མནའ་འབྲེལ་དང་འབྲེལ་བ་ཡོད་པའི་ནང་དོན་དགོས་ངེས་ཀྱི་གཙང་བཤེར་བྱེད་རྒྱུར་དུས་ཡུན་ལོ་འགའ་ཞིག་དགོས་ཤས་ཧ་ཅང་ཆེ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།