འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སློབ་ཆེན་གྱི་སློབ་མ་དམག་སྐུལ་དང་བླངས་ངང་དམག་ལ་ཞུགས་པའི་མིང་ཐོ་འགོད་
    ཚད་ལོ་རྒྱུས་ཐོག་མང་ཤོས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། ད་ལྟ། བོད་རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་གི་སློབ་ཆེན་སློབ་མའི་ལོ་ཚད་ལོན་པའི་ན་གཞོན་དམག་ནང་ཞུགས་པ་དྲ་ཐོག་ནས་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་མཁན་གྱི་ཚད་ལོ་རྒྱུས་ཐོག་མང་ཤོས་སུ་གྱུར་པ་དང་། མིང་ཐོ་འགོད་མཁན་མི་གྲངས་དེ་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མིང་ཐོ་འགོད་མཁན་མི་གྲངས་ཀྱི་40%ཟིན་ཡོད་པ་རེད།
          དུས་ཡུན་རིང་པོ་ཞིག་ལ། ས་ཁམས་ཀྱི་ཆ་རྐྱེན་དང་དཔལ་འབྱོར་འཕེལ་རྒྱས། གཟུགས་གཞི་བཅས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཚད་བཀག་ཐེབས་ཡོད་སྟབས། བོད་ལྗོངས་ཀྱི་ལོ་ལོན་ན་གཞོན་དང་། ལྷག་པར་དུ་སློབ་ཆེན་གྱི་སློབ་མ་དམག་ཞུགས་ཐོ་འགོད་བྱེད་ཚད་དམའ་བ་དང་གྲངས་ཀ་ཉུང་ངུ་རེད། གནས་ཚུལ་འདིར་དམིགས་ནས། ད་ལོ་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་གིས་བོད་རང་སྐྱོང་ལྗོངས་དྲ་འཕྲིན་དང་། སློབ་གསོ། རིག་གནས། གསར་འགྱུར་དཔེ་སྐྲུན་སོགས་ཀྱི་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་འཕྲིན་ཕྲན་དང་། པོད་ཕྲན། དྲ་ཚིགས་གཙོ་ཆེ་སོགས་སུ་སྤེལ་བའི་བྱ་ཐབས་ལས། ཞིང་འབྲོག་ཁུལ་དང་མཐོ་སློབ་ཁག་ནས་ཟུར་གསུམ་དྲིལ་བསྒྲགས་བྱས་ནས་ལོ་ལོན་ན་གཞོན་དམག་ཁོངས་སུ་ཞུགས་ཏེ་རྒྱལ་ཁབ་ལ་བྱས་རྗེས་འཇོག་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད་པ་རེད།
           བོད་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་གི་འགན་ཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་མཐོ་སློབ་ཀྱི་དམག་སྐུལ་དང་བླངས་མིང་ཐོ་འགོད་ཚད་ཇེ་མཐོར་ཕྱིན་པའི་ཐོག་ནས་རིམ་ལྡན་དམག་བསྡུའི་དྲིལ་བསྒྲགས་དེ་ན་གཞོན་གྱི་སེམས་ལ་འཇགས་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་བསྟུད་མར་སྤེལ་བའི་ནུས་པ་ཐོན་པའང་མཚོན་པ་རེད། ལོ་སྟོད་ནས་བཟུང་། ཁོང་ཚོས་སྔ་གཞུག་ཏུ་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ཕྱོགས་དྲུག་ཏུ་དམག་སྐུལ་དང་བླངས་ལས་དོན་ཚོགས་པ་རྩ་འཛུགས་བྱས་ཤིང་། འབྲོག་ཁུལ་དང་སྡེ་ཁུལ། མཐོ་སློབ་ཏུ་དམག་སྐུལ་དང་བླངས་གོང་གི་རྟོག་ཞིབ་བྱས་ཤིང་རྟོག་ཞིབ་བྱས་འབྲས་ལ་གཞིགས་ནས་ལོ་འཁོར་གྱི་དམག་སྐུལ་དང་བླངས་དྲིལ་བསྒྲགས་ཀྱི་སློབ་གསོའི་ལས་དོན་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།