འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུག་རེན་རྒྱལ་ཁབ་ཀྱི་ཅི་ཧྥུ་གྲོང་ཁྱེར་དུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་བྱུང་ནས་གསང་
    འཕྲིན་ཅུས་ཀྱི་འགན་འཛིན་གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུག་རེན་རྒྱལ་ཁབ་ཀྱི་ཅི་ཧྥུ་གྲོང་ཁྱེར་དུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་བྱུང་ནས་གསང་
འཕྲིན་ཅུས་ཀྱི་འགན་འཛིན་གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཡུག་རེན་རྒྱལ་ཁབ་ཀྱི་རྒྱལ་ས་ཅི་ཧྥུ་གྲོང་ཁྱེར་ནས་འབྱོར་བའི་གནས་འཕྲིན་དུ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་27ཉིན་གྱི་སྔ་དྲོ། རྒྱལ་ས་ཅི་ཧྥུ་གྲོང་ཁྱེར་གྱི་ལྟེ་བར་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་ཞིག་བྱུང་སྟེ་ཡུག་རེན་རྒྱལ་སྲུང་པུའུ་ཡི་མི་སྣ་ཞིག་གྲོངས་པ་རེད།
          ཡུག་རེན་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོར། གནས་འཕྲིན་སྤེལ་ཏེ་རྒྱལ་ས་ཅི་ཧྥུ་གྲོང་ཁྱེར་གྱི་ལྟེ་བ་རུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་བྱུང་བའི་ནང་སྐྱེས་པ་ཞིག་གྲོངས་པ་རེད་ཅེས་བརྗོད་འདུག
          ཡུག་རེན་ནང་སྲིད་པུའུ་ཡི་གསར་འགྱུར་དྲུང་ཡིག་གིས་གྲོངས་མཁན་ནི་ད་ལྟའི་དམག་ཞུགས་མི་སྣ་ཞིག་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས"འཇིགས་སྐུལ་འཇབ་རྒོལ་ཐེབས་པ"ལྟར་གྱོད་ཁོངས་སུ་བཅུག་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
          ཅུང་ཙམ་འཕྱི་བའི་དུས། ཡུག་རེན་རྒྱལ་སྲུང་པུའུ་ཡི་གནས་འཕྲིན་དུ། རླངས་འཁོར་འབར་གས་ཀྱི་དོན་རྐྱེན་ནང་གྲོངས་པའི་སྐྱེས་པ་དེའི་ཐོབ་ཐང་ཤེས་རྟོགས་བྱུང་ཡོད་པ་དང་། ཁོང་ནི་ཡུག་རེན་རྒྱལ་སྲུང་པུའུ་ཡི་གསང་འཕྲིན་ཅུས་ཀྱི་འགན་འཛིན་མ་ཁི་ཞི་མུའུ་•ཧྲ་ཕའོ་ཝ་ཨར་ཧྲང་ཞའོ་དམག་དཔོན་རེད་ཅེས་གཏན་འཁེལ་བྱུང་བ་རེད།
          ཡུག་རེན་སྨྱན་སྦྱོར་གྱིས་སྤེལ་བའི་ཡུལ་དངོས་བརྙན་རིས་སུ། རླངས་འཁོར་ནི་འཁོར་སྐྱོད་བྱེད་སྐབས་འབར་གས་བྱུང་ལ། དུ་བ་དཀར་པོ་འཕྱུར་བ་དང་། འབར་གས་བྱུང་སྟེ་ཟགས་པའི་རླངས་འཁོར་གྱི་དུམ་བུ་ཉེ་འཁོར་གྱི་རླངས་འཁོར་ལ་ཐེབས་པོ་གསལ་པོར་མངོན་གྱི་ཡོད་པ་རེད། བསྟུད་མར་སྤེལ་བའི་པར་རིས་ལས། རླངས་འཁོར་ལ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། རླངས་འཁོར་གྱི་བཟོ་དབྱིབས་ལ་གཏོར་བརླག་ཚབས་ཆེན་ཐེབས་པས། མ་སྒྲོམ་མ་གཏོགས་ལྷག་ལུས་བྱུང་མེད་པ་རེད།
          འབར་གས་ཀྱི་དོན་རྐྱེན་ནི་རྒྱལ་སའི་གྲོང་ཁྱེར་གྱི་ལྟེ་བར་བྱུང་བ་དང་གྲོངས་མཁན་གྱི་ཐོབ་ཐང་དམིགས་བསལ་ཡིན་པ་གཉིས་ལས། དོན་རྐྱེན་འདིར་ཡུག་རེན་རྒྱལ་ཁབ་ཕྱི་ནང་གཉིས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གསར་འགྱུར་གནས་འཕྲིན་སྤེལ་མཚམས་བར་དུ། ཡུག་རེན་གཞུང་ཕྱོགས་མི་སྣས་གནས་ཚུལ་ཞིབ་ཕྲའི་རིགས་བརྗོད་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།