འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་མའོ་རྫོང་གི་རི་ཉིལ་གནོད་འཚེའི་སྐབས་འབྲེལ་བ་ཆད་པའི་མིང་ཐོའི་ནང་མི་20བདེ་
    འཇགས་ཡིན་པ་ཡང་བསྐྱར་གཏན་འཁེལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། གསར་འགོད་པས"6•24"མའོ་རྫོང་ཏེ་ཞིའི་རི་ཉིལ་གནོད་འཚེ་མྱུར་སྐྱོབ་བཀོད་འདོམས་པུའུ་ནས་ར་སྤྲོད་བྱུང་གསལ་དུ། སི་ཁྲོན་ཞིང་ཆེན་མའོ་རྫོང་ཏེ་ཞིའི་རི་ཉིལ་གནོད་འཚེའི་སྐབས་འབྲེལ་བ་ཆད་པའི་མིང་ཐོའི་ནང་མི་20བདེ་འཇགས་ཡིན་པ་ཡང་བསྐྱར་གཏན་འཁེལ་བྱུང་བ་རེད།
            ཉིན་དེར། ཁུལ་དང་རྫོང་གི་ལས་བྱེད་མི་སྣས་མུ་མཐུད་ཁྱིམ་ཚང་རེ་རེ་བཞིན་དུ་འདྲི་བརྩད་བྱེད་པར་ཕྱིན་པ་དང་། དུད་ཚང་ཞིབ་བསྡུར་བྱས་པ། ཁ་པར་བཏང་ནས་ཞིབ་བསྡུར་བྱས་པ། རྒྱུས་ཡོད་མང་ཚོགས་ཀྱིས་ར་སྤྲོད་བྱས་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཆ་འཕྲིན་འདོན་སྤྲོད་བྱས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་འབྲེལ་བ་ཆད་མི་འཚོལ་ཞིབ་བྱས་ནས་ཞིབ་བསྡུར་ནན་པོར་བྱས་པ་བརྒྱུད། འབྲེལ་བ་ཆད་མིའི་མིང་ཐོ་ནང་གི་མི་20བདེ་འཇགས་ཡིན་པ་ཡང་བསྐྱར་གཏན་འཁེལ་བྱུང་བ་རེད།
    ད་ལྟ་བར་དུ། "6•24"ཉིན་གྱི་མའོ་རྫོང་ཏེ་ཞིའི་རི་ཉིལ་གནོད་འཚེའི་སྐབས་འབྲེལ་བ་ཆད་མི་118བྱུང་ཞིང་། དེའི་ནང་ཁྱོན་བསྡོམས་མི་35བདེ་འཇགས་ཡིན་པ་(ཚེས་25ཉིན། འབྲེལ་བ་ཆད་མིའི་མིང་ཐོའི་ནང་གི་མི་15བདེ་འཇགས་ཡིན་པ་གཏན་འཁེལ་བྱུང་བ་དང་། ཚེས་27ཉིན། མི་35བདེ་འཇགས་ཡིན་པ་ཡང་བསྐྱར་གཏན་འཁེལ་བྱུང་བ)གཏན་འཁེལ་བྱུང་བ་རེད། ད་ལྟ། འབྲེལ་བ་ཆད་མི་འཚོལ་ཞིབ་ཀྱི་ལས་དོན་སྔར་ལྟར་སྒྲུབ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།