འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གུང་དཀར་རྫོང་གིས་ད་ལོ་ཟླ་བ་1པོ་ནས་ཟླ་བ་5པའི་བར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་
    684བསགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ཟླ་བ་1པོ་ནས་ཟླ་བ་5པའི་བར་གུང་དཀར་རྫོང་གིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་14.7སྣེ་ལེན་བྱས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན17.6%འཕར་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི684བསགས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་21.4%འཕར་ཡོད་པས། ལྗོངས་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར། གུང་དཀར་རྫོང་གི་ཡུལ་སྐོར་སྡེ་ཁག་གིས་མཛེས་ལྗོངས་ས་ཁུལ་དང་ལྗོངས་གནས་། མགྲོན་ཁང་ཆེ་གྲས། "ཞིང་དུད་སྤྲོ་སྐྱིད་ཁང་"སོགས་དང་ཡུལ་སྐོར་བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་མ་ཟད། ད་དུང་མི་སྣ་སྒྲིག་འཛུགས་བྱས་ནས་མཛེས་ལྗོངས་ཁུལ་དུ་ཆེད་དོན་དག་ཐེར་བཅོས་སྐྱོང་ལས་དོན་སྤེལ་བ་དང་། ཁྱད་པར་དུ་ད་ལོ་ཟླ་བ་1པོ་ནས་ཟླ་བ་5པའི་བར་དུ་ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་གཅིག་པོར་ཞིབ་བཤེར་ཐེངས་17བྱས་པ་རེད། དེ་དང་དུས་མཚུངས་སུ་རོགས་སྐྱོར་མ་དངུལ་སྒོར་ཁྲི་18ལྷག་བཏང་ནས་ཡུལ་སྐོར་ལས་གཉེར་ལ་ཞུགས་པའི་དུད་ཁྱིམ་13ནང་ནས་ལེགས་འདེམས་ཡང་ཡང་བྱས་རྗེས། གཉེར་སྐྱོང་དོ་དམ་བྱས་ཚུལ་ཅུང་ལེགས་པའི་དུད་ཁྱིམ་3གྱིས་"བོད་ཁྱིམ་སྤྲོ་སྐྱིད་ཁང"ལས་གཉེར་བྱེད་རྒྱུ་དང་། སྒྲིག་བཀོད་སྒྲིག་ཆས་བལྟོས་བཅས་ཀྱིས་རྙིང་པར་གྱུར་པའི"བོད་ཁྱིམ་སྤྲོ་སྐྱིད་ཁང"ལ་རོགས་སྐྱོར་བྱེད་རྒྱུ་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།