འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭ་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན་དང་ཚེས་26ཉིན། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་དང་སློབ་གསོ་པུའུ་ཡིས་ཧྲན་ཏུང་ཙི་པོར་རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭ་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭ་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོའི་ལས་དོན་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ཤེས་དཔལ་སློབ་གྲྭ་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་ཧུར་ཐག་གཏོང་བ། དགེ་སློབ་ཀྱི་ཤེས་དཔལ་བྱང་ཚད་དང་སློབ་གྲྭའི་ཤེས་དཔལ་ཚད་གཞི་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
           ཚོགས་འདུའི་ཐོག་ཤེས་དཔལ་སློབ་གྲྭ་གཏོད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གཙོ་ཤུགས་དམག་གཏོད་པའི་འཐབ་ཇུས་ཀྱི་འདུ་འགོད་དང་། གཞོན་ནུ་ལོ་ཆུང་ལ་མི་ཚེའི་གོམ་པ་དང་པོ་སྤོ་རོགས་བྱེད་པའི་ལམ་སྟོན་སྒྲོན་མེའི་འདུ་འགོད། བསམ་པའི་དཔལ་ཡོན་གཏོད་རྒྱུ་གཞོན་ནུ་ལོ་ཆུང་ནས་དམ་འཛིན་བྱེད་པའི་རྨང་གཞིའི་འདུ་འགོད་བཅས་ཀྱང་ཡིན་པས་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།