འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལུན་ཏོན་དུ་ཟོག་འདྲེན་རླངས་འཁོར་ཞིག་མང་ཚོགས་ཁྲོད་བཏང་སྟེ་མི་མང་པོར་གནོད་
    སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལུན་ཏོན་དུ་ཟོག་འདྲེན་རླངས་འཁོར་ཞིག་མང་ཚོགས་ཁྲོད་བཏང་སྟེ་མི་མང་པོར་གནོད་
སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་19ཉིན། དབྱིན་ཇིའི་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ཁང་གི་གནས་འཕྲིན་ལ་གཞིགས་ན། དབྱིན་ཇིའི་རྒྱལ་ས་ལུན་ཏོན་དུ་ཚེས་19ཉིན་གྱི་ཐོ་རེངས་སུ་ཟོག་འདྲེན་རླངས་འཁོར་ཞིག་མང་ཚོགས་ཁྲོད་དུ་བཏང་བའི་དོན་རྐྱེན་བྱུང་བ་དང་། དེས་མི་མང་པོར་གནོད་སྐྱོན་བཏང་ཡོད་པ་རེད། ད་ལྟ་མི་གཅིག་ཉེན་རྟོག་པས་འཛིན་ཐུབ་ཡོད་པ་རེད།
         ལུན་ཏོན་གྱི་ཉེན་རྟོག་པས། ཡུལ་དེ་གའི་ཆུ་ཚོད་00:20ཡས་མས་སུ། ཉེན་རྟོག་པས་དོན་རྐྱེན་བྱུང་བའི་སྙན་ཞུ་རྟོགས་པ་དང་། ད་ལྟ་མི་གཅིག་འཛིན་ཐུབ་ཡོད་ལུགས་བསྟན་པ་རེད།
        སྨྱན་སྦྱོར་ཁང་གིས་ཡུལ་དེའི་མཐོང་མཁན་གྱི་སྐད་ཆ་འདྲེན་ནས་གནས་འཕྲིན་སྤེལ་བ་ལས། ཉུང་མཐར་ཡང་མི་10དོན་རྐྱེན་དེའི་ནང་དུ་གནོད་སྐྱོན་ཕོག་ཡོད་པ་དང་། 
    དེའི་ཁྲོད་ཀྱི་མི་3ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། མྱུར་སྐྱོབ་རླངས་འཁོར་མང་པོ་ཞིག་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་དེ་གནོད་སྐྱོན་ཕོག་པའི་མང་ཚོགས་མྱུར་སྐྱོབ་བྱས་པ་རེད།
         ད་ལོ་ནས་བཟུང་། ལོན་ཏོན་དུ་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་མང་བྱུང་ཡོད་ཅིང་། ཟླ་6ཚེས་3ཉིན་གྱི་དགོང་མོར། ལུན་ཏོན་ཉེ་འགྲམ་ཟམ་པའི་སྟེང་གི་འཇབ་རྒོལ་དོན་རྐྱེན་ཁྲོད་དུ་མི་7རྐྱེན་ལམ་དུ་ཤོར་བ་དང་། མི་48ལ་གནོད་སྐྱོན་ཕོག་པ། ཟླ་3ཚེས་22ཉིན། ལུན་ཏོན་ལྟེ་བར་གནས་པའི་དབྱིན་ཇིའི་དབྱི་ཧུའེ་གྲོས་ཁང་གི་ཕྱི་རོལ་ཏུ་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བའི་ཁྲོད་དུ། ཉེན་རྟོག་པ་ཚུད་པའི་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་40ལ་གནོད་སྐྱོན་ཕོག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།