འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་བྱ་ཐབས་སྣ་ཚོགས་སྤྱད་ནས་དབང་སྐྱོན་ལོ་ཆུང་བྱིས་པ"སློབ་གྲྭར་བསྐྱོད་
    ཐུབ་རྒྱུའི"འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་དང་ཀན་སུའུ་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཀན་སུའུ་ཞིང་ཆེན་གྱི་དབང་སྐྱོན་ལོ་ཆུང་བྱིས་པར་འོས་འགན་སློབ་གསོ་ཁྲིམས་བཞིན་དང་ལེན་གྱི་ལས་དོན་ལག་བསྟར་ཇུས་གཞི》མཉམ་འབྲེལ་ཐོག་བཏོན་པ་དང་། སློབ་གྲྭ་དཀྱུས་མའི་འཛིན་གྲྭའི་ནང་མཉམ་དུ་སློབ་སྦྱོང་བྱེད་པ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭར་སློབ་སྦྱོང་བྱེད་པ། སྒོ་རྩར་སློབ་ཁྲིད་བྱེད་པར་སྐྱོད་པ་སོགས་ཀྱི་བྱ་ཐབས་མང་པོ་བརྒྱུད་ནས་དབང་སྐྱོན་ལོ་ཆུང་བྱིས་པར་འོས་འགན་སློབ་གསོ་ཁྲིམས་བཞིན་དང་ལེན་བྱ་རྒྱུའི་རོགས་རམ་བྱས་ཡོད།
        ཀན་སུའུ་ཡིས་དབང་སྐྱོན་ལོ་ཆུང་བྱིས་པས་སློབ་གསོ་མྱོང་སྐབས“དང་ལེན་མི་བྱེད་པ་གཅིག་ཀྱང་མི་ཆོག་པའི”རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དབང་སྐྱོན་ལོ་ཆུང་བྱིས་པ་ཐག་ཉེ་སའི་སློབ་གྲྭ་དཀྱུས་མའི་འཛིན་གྲྭའི་ནང་མཉམ་དུ་སློབ་སྦྱོང་བྱེད་པའམ་ཡང་ན་སློབ་གྲྭའི་ཞོར་བཙུགས་ཀྱི་དམིགས་བསལ་སློབ་གསོའི་འཛིན་གྲྭའི་ནང་སློབ་སྦྱོང་བྱ་རྒྱུ་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་བཏོན་ཡོད། སློབ་ལོ་ལོན་པའི་དབང་སྐྱོན་ལོ་ཆུང་བྱིས་པ་འཛིན་གྲྭའི་ནང་མཉམ་དུ་སློབ་སྦྱོང་བྱ་རྒྱུ་དང་ལེན་མི་བྱེད་མཁན་སློབ་གྲྭར་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བཀའ་གཏོང་རྒྱུ་རེད།
         སྤྱིར་བཏང་སློབ་གསོ་དང་ལེན་མི་ཐུབ་མཁན་དབང་སྐྱོན་ལོ་ཆུང་བྱིས་པར་ཀན་སུའུ་ཡིས་དམིགས་བསལ་སློབ་གསོའི་སློབ་གྲྭའི་ནང་སློབ་སྦྱོང་བྱ་རྒྱུ་བཀོད་སྒྲིག་བྱེད་དགོས་པ་བཏོན་ཡོད། ས་ཁུལ་ཁག་གི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་གནས་ཀྱིས་དབང་སྐྱོན་ལོ་ཆུང་བྱིས་པའི་སློབ་སྦྱོང་གི་དགོས་མཁོ་སྐོང་མི་ཐུབ་ཚེ་གནས་ཚུལ་ལ་གཞིགས་ནས་སློབ་གནས་མང་དུ་གཏོང་དགོས། ཆེད་མིས་ལྟ་སྐྱོང་བྱེད་དགོས་པ་དང་ངོ་མ་སློབ་གྲྭར་སློབ་སྦྱོང་བྱེད་པར་ཡོང་མི་ཐུབ་མཁན་དབང་སྐྱོན་ཚབས་ཆེན་གྱི་ལོ་ཆུང་བྱིས་པར་ས་ཁུལ་ཁག་གིས་སྒོ་རྩར་སློབ་ཁྲིད་བྱེད་པར་སྐྱོད་པའམ་ཡང་ན་རྒྱང་ཁྲིད་སློབ་གསོ་སོགས་ཀྱི་ཞབས་ཞུའི་ཇུས་གཞི་བཟོས་ནས་དུས་བཀག་ནང་ཁྱིམ་ཚང་དང་། སྡེ་ཁུལ། སྨན་བཅོས་བདེ་ཐང་སླར་གསོའི་སྒྲིག་གཞི་བཅས་ལ་སློབ་ཁྲིད་དུ་བསྐྱོད་ནས་དེ་ཉིད་སློབ་གྲྭའི་སྐྱིད་སྡུག་གི་དོ་དམ་ནང་འཇུག་དགོས།
         སྒོ་རྩར་སློབ་ཁྲིད་བྱེད་པར་བསྐྱོད་རྒྱུའི་ཞབས་ཞུའི་འགྲོ་གྲོན་དང་མི་སྣ་འགན་ལེན་བྱ་ཆེད། ཀན་སུའུ་ཡིས་སྒོ་རྩར་སློབ་ཁྲིད་ཞབས་ཞུ་སྒྲུབ་པར་ཡོང་མཁན་དང་ལེན་བྱས་རིགས་ལ་ས་ཁུལ་ཁག་གིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་མི་རེའི་སྤྱི་པའི་གྲོན་དངུལ་དོན་འཁྱོལ་ནན་པོ་བྱེད་པ་དང་ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་སྔར་བས་གོང་མཐོར་གཏོང་ཆོག སློབ་གྲྭ་དཀྱུས་མས་དབང་སྐྱོན་སློབ་མ་འཛིན་གྲྭའི་ནང་མཉམ་དུ་སློབ་སྦྱོང་སློབ་ཁྲིད་དང་དོ་དམ་ལས་ཀའི་འགན་འཁུར་དགེ་རྒན་ལ་གྲུབ་འབྲས་དཔྱད་ཞིབ་བྱེད་སྐབས་གཟིགས་སྐྱོང་བྱེད་པ་དང་དུས་མཚུངས་སྒོ་རྩར་སློབ་ཁྲིད་ཀྱི་ལས་འགན་སྒྲུབ་པར་སྐྱོད་མཁན་དགེ་རྒན་དང“སྨན་བཅོས་དང་སློབ་གསོ་ཟུང་འབྲེལ”གྱི་ཞབས་ཞུའི་འགན་འཁུར་མཁན་སྨན་དོན་མི་སྣར་ལས་ཀ་དང་འགྲིམ་འགྲུལ་གྱི་ཁ་གསབ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།