འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལུགས་གསོ་རིག་ཁྲེན་ཏུའུ་རུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་
    ལ་ཐོག་མར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན།  ཀྲུང་གོའི་ཁྲེན་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་ཁྲེན་ཏུའུ་མངོན་མིན་རིག་གནས་ཤུལ་བཞག་བཤམས་སྟོན་ཁང་དུ་འགོ་ཚུགས་པ་དང་། འཛམ་གླིང་ལ་ཕྱོགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་དང་དེའི་གྲུབ་འབྲས་ངོམ་སྟོན་བྱས་པ་རེད། 
         གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་སྐྱོང་དང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་། བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་མཉམ་འབྲེལ་གྱིས་རོགས་སྐྱོར་བྱས་པའི་གསོ་རིག་སྲུང་སྐྱོང་གི་གྲུབ་འབྲས་ཀྱང་ཐེངས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་དུས་ཆེན་ལ་མངོན་པ་གསལ་བ་ཞིག་ཡོད་པ་དང་། དེའི་ཐུན་མོང་མ་ཡིན་པའི་ནང་དོན་གྱིས་རྒྱལ་ཕྱི་རྒྱལ་ནང་གི་མི་ཁྲི་ཕྲག་ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་རེད། 
         ཐེངས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་དུས་ཆེན་གྱི་གསོ་བ་རིག་པ་འགྲེམས་སྟོན་ཁང་ནི་ལྟད་མོ་བ་ཚོས་སྔར་ནས་དགའ་ཞེན་ཆེས་ཆེ་བའི་འགྲེམས་སྟོན་ཁང་དེ་ཡིན་ལ། གཞི་གྲངས་ལས་མངོན་གསལ་ལྟར་ན། ཉིན་དང་པོའི་འགྲེམས་སྟོན་ཁང་དུ་ལྟད་མོ་བ་མི་གྲངས་ཁྲི་6ལ་ཉེ་བ་སླེབས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།