འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎གོས་དཀར་ལྷ་རྗེས་ས་མཐོར་ལེགས་སྐྱེས་ཕུལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎གོས་དཀར་ལྷ་རྗེས་ས་མཐོར་ལེགས་སྐྱེས་ཕུལ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་7པར་ཀོང་ཏུང་ཞིང་ཆེན་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་རྫ་ཡུལ་རྫོང་ལས་དོན་ཚོགས་ཆུང་གིས་སྨན་བཅོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་16རྫ་ཡུལ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་བཅའ་སྡོད་ཀྱིས་ས་ཆ་དེ་གའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་འབྲེལ་རྒྱུན་དུ་སྨན་དོན་མི་སྣ་སྒྲིག་འཛུགས་ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མི་སེར་ཚོར་སྨན་བཅོས་ཞབས་ཞུ་བྱས་པར་ས་ཆ་དེ་གའི་ལས་བྱེད་མང་ཚོགས་ཚོའི་བསྔགས་བརྗོད་ཟབ་མོ་ཐོབ་ཅིང་། གོང་གི་པར་དེ་ནི་ཧྲེན་ཀྲེན་གྲོང་ཁྱེར་ལུང་སྒང་ཆུས་མི་དམངས་སྨན་ཁང་གསུམ་པའི་སྨན་པ་བཀའ་བཅུ་པ་རྫ་ཡུལ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོང་ལེ་ཧུའེ་(གཡོན)ཡིས་རྫ་ཡུལ་ཞིང་རའི་ལས་བཟོ་བ་མའེ་ཅིན་ཕིང་གི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།