འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་མི་ཁྲི་28.8ལ་ཡིག་རྒྱུགས་བླངས་པ་བརྒྱུད་སྤྱི་ཚོགས་ལས་དོན་པའི་
    ལས་རིགས་ཆུ་ཚད་ལག་ཁྱེར་ཐོབ་པ།

    2008ལོ་ཚུན་དུ་བསྟུད་མར་ཡིག་རྒྱུགས་གཏོང་ཐེངས་བཅུ་པ་རེད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17དང་ཚེས་18ཉིན་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཆུ་ཚད་ཡིག་རྒྱུགས་གཏོང་འགོ་ཚུགས་པ་ནི་2008ལོ་ཚུན་དུ་བསྟུད་མར་ཡིག་རྒྱུགས་གཏོང་ཐེངས་བཅུ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2008ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཆུ་ཚད་ཡིག་རྒྱུགས་གཏོང་འགོ་ཚུགས་ཚུན་རྒྱལ་ཡོངས་སུ་ཡིག་རྒྱུགས་བླངས་པ་བརྒྱུད་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཆུ་ཚད་ལག་ཁྱེར་ཐོབ་པའི་མི་གྲངས་ཁྲི་28.8ཟིན་ཞིང་། ཁོང་ཚོ་སྡེ་ཁུལ་འཛུགས་སྐྲུན་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་རོགས་སྐྱོབ། དགེ་སྒྲུབ་བྱ་གཞག དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོ། དུག་འགོག་དུག་གཅོད། འཕྲོད་བསྟེན་དང་འཆར་བཙའ། གཞོན་ནུ་ལོ་ཆུང་ཞབས་ཞུ་སོགས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་མང་དག་ཅིག་ཏུ་ཁྱབ་ཡོད།
         མི་སྤྱི་པུའི་མི་དོན་ཡིག་རྒྱུགས་ལྟེ་གནས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཆུ་ཚད་ཀྱི་ཡིག་རྒྱུགས་ནང་ཞུགས་རྒྱུའི་མིང་ཐོ་འགོད་མཁན་མི་ཁྲི་33.18ཟིན་པ་དེ་ན་ནིང་དང་བསྡུར་ན་10%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ་རེད།
         ཟླ་6ཚེས་18ཉིན་གྱི་སྔ་དྲོ་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀུང་ཕུའུ་ཀོང་པེ་ཅིང་རྒྱུགས་ཁུལ་གྱི་རྒྱལ་སའི་དཔལ་འབྱོར་ཚོང་དོན་སློབ་ཆེན་རྒྱུགས་གནས་སུ་རྒྱུགས་སྤྲོད་གནས་ཚུལ་ལ་སྐོར་གཟིགས་གནང་བར་ཕེབས་པ་རེད།
         སྐོར་གཟིགས་གནང་རིང་པུའུ་ཀྲང་གཞོན་པ་ཀུང་ཕུའུ་ཀོང་གིས་པེ་ཅིང་གྲོང་ཁྱེར་མི་སྤྱི་ཅུས་དང་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ད་ཐེངས་ཀྱི་རྒྱུགས་སྤྲོད་རྒྱུགས་དོན་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་པ་རེད། ཁོང་གིས་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཆུ་ཚད་ཀྱི་ཡིག་རྒྱུགས་ནི་ལས་རིགས་ཅན་དང་ཆེད་ལས་ཅན་གྱི་སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ལས་དོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས། འབྲེལ་ཡོད་ཚན་པ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་དང་ཚད་ལྡན་དོ་དམ་ནན་པོ་བྱས་ཏེ་ཡིག་རྒྱུགས་ཀྱི་ཁོར་ཡུག་ཡག་པོ་ཅིག་གཏོད་རྒྱུར་གཞོལ་ནས་ཡིག་རྒྱུགས་བདེ་བླག་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།