འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།"བླ་མེད་ཀུན་སྤྱོད་གཏོད། ཀུན་གྱིས་ལུའེ་ཧྥུང་བརྩོན"ཞེས་པའི་དམངས་ཡོངས་ཀྱི་
    ལུས་སྦྱོང་སྤྱི་ཕན་གྱི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན། ཀྲུང་གོ་ལུས་རྩལ་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། ལེའོ་ཉིང་ཞིང་ཆེན་ལུས་རྩལ་ཅུས་སོགས་སྡེ་ཚན་གྱིས་གཙོ་གཉེར་བྱས་པ། ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་གྱིས་མཉམ་དུ་གཉེར་བའི“བླ་མེད་ཀུན་སྤྱོད་གཏོད། ཀུན་གྱིས་ལུའེ་ཧྥུང་བརྩོན”ཞེས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་ཕན་གྱི་དགའ་ནེའུ་དུས་ཆེན་གྱི་ས་ཚིགས་དང་པོའི་བྱེད་སྒོའི་འགྲེམས་སྟོན་དེ་ལུའེ་ཧྥུང་གི་ཕ་ཡུལ་གཉིས་པ་ལེའོ་ཉིང་ཞིང་ཆེན་དུ་སྤེལ་འགོ་ཚུགས་པ་རེད།
         གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “བླ་མེད་ཀུན་སྤྱོད་གཏོད། ཀུན་གྱིས་ལུའེ་ཧྥུང་བརྩོན”ཞེས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་ཕན་གྱི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་དེ་ཟླ་3ཚེས་27ཉིན་པེ་ཅིང་དུ་སྨྱན་སྦྱོར་གྱི་ངོ་འཕྲད་ཚོགས་འདུ་འཚོགས་པ་དང་ས་ཚིགས་དང་པོ་ཡིན་པའི་ལེའོ་ཉིང་ས་ཚིགས་ཀྱི་བྱེད་སྒོ་དེ་ཟླ་4ཚེས་22ཉིན་དངོས་སུ་སྤེལ་འགོ་ཚུགས་ཚུན་སྔ་རྗེས་སུ་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཐང་ཆེན་གྱི་ཞབས་བྲོ། སྤྱི་ཕན་རོགས་སྐྱོབ་སོགས་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་ཐེངས་20ཙམ་སྤེལ་བ་དང་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི་10ཙམ་ཟིན་པ་མ་ཟད། གཅེས་སེམས་མཚོན་པའི་དངུལ་ཞལ་འདེབས་བརྒྱབ་པ་དང་ལུས་རྩལ་ཡོ་བྱད་ཞལ་འདེབས་ཕུལ་བ་དངུལ་ལ་ཕབ་ན་སྒོར་ཁྲི་30ལྷག་ཙམ་དང་དཔེ་དེབ་ཁྲི་2ཙམ་ཟིན་པས་སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་ཁྱབ་ཀྱི་བསྔགས་བརྗོད་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།