འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་རྒྱལ་ཁབ་གཞན་དང་མཉམ་དུ་པར་ལེན་བྱས་པའི་གློག་བརྙན་འགྲེམས་སྟོན་གྲོང་
    ཁྱེར་རོ་མར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། དབྱི་ཐ་ལིའི་རྒྱལ་ས་རོ་མའི་གློག་བརྙན་ཁྱིམ་གཞིས་སུ་ཀྲུང་གོས་རྒྱལ་ཁབ་གཞན་དང་མཉམ་དུ་པར་ལེན་བྱས་པའི་གློག་བརྙན་འགྲེམས་སྟོན་བྱེད་འགོ་ཚུགས་པ་དང་། ཉེ་བའི་ལོ་ཤས་ནང་བཏོན་པའི་ཕུལ་བྱུང་གི་ཀྲུང་གོས་རྒྱལ་ཁབ་གཞན་དང་མཉམ་དུ་པར་ལེན་བྱས་པའི་གློག་བརྙན་ཁག་5འགྲེམས་སྟོན་ནང་ཞུགས་པ་རེད།
         ད་ཐེངས་བྱེད་སྒོ་ཀྲུང་གོའི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་། དབྱི་ཐ་ལི་རིག་གནས་ཤུལ་བཞག བྱེད་སྒོ་དང་ཡུལ་སྐོར་པུའི་གློག་བརྙན་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། དབྱི་ཐ་ལི་གློག་བརྙན་དང་སྒྲ་བརྙན་བརྒྱུད་ལམ་སྣེ་མང་བཟོ་ལས་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བ། དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་རྒྱབ་སྐྱོར་བྱས་པ་བཅས་རེད།
         ད་ཐེངས་ཀྱི་གློག་བརྙན་འགྲེམས་སྟོན་ནང་ཞུགས་པའི་མཉམ་སྡེབ་པར་ལེན་གློག་བརྙན་5ནི། 《འབར་མདེལ་སེལ་མཁན་རིགས་གཅིག་མཁས་ཅན་》དང་། 《ཐང་རྒྱལ་རབས་ཀྱི་ཞོན་ཙང་》 《གདོད་མིའི་མཚོན་ཆོས་སྤྱང་ཀི་》 《རི་ཆུའི་གྲོགས་པོ་རྙིང་པ་》 《ས་ཆ་གཅིག་ཡོད་པ་དེ་ང་ཚོས་ཤེས་》ཞེས་པ་བཅས་ཡིན། འགོ་ཚུགས་མཛད་སྒོའི་ཐོག་གློག་བརྙན་《འབར་མདེལ་སེལ་མཁན་གྱི་རིགས་གཅིག་མཁས་ཅན་》གྱི་འཁྲབ་ཁྲིད་པ་ཆིའུ་ལི་ཐའོ་དང་འཁྲབ་སྟོན་པ་གཙོ་བོ་ཅང་ཝུའུ་ཆེད་མངགས་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཀྲུང་གོ་དང་དབྱི་ཐ་ལིའི་གློག་བརྙན་མི་སྣའི་སྤེལ་རེས་བྱེད་སྒོར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།