འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུན་མོང་ཐོག“སྡེར་གཙང་ཁོར་ཡུག”གཏོད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “ཟ་ཁང་ནང་བཟའ་རིགས་འབེལ་པོ་ཡོད། གྲོད་པ་རྒྱགས་རྗེས་ལྷག་མ་རྣམས་གཤོ་བ་དེ་ནི་ཧ་ཅང་ཕངས་པོ་ཞིག་རེད”ཅེས་བྲིས་པའི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ཚོམས་ཆེན་གྱི་ཡི་གེ་དེར་དམིགས་ནས་ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱིས་དགེ་སློབ་ཀྱི་དགོས་མཁོ་ཤེས་རྟོགས་བྱས་པ་བརྒྱུད་ཚལ་ཕོན་ཕྱེད་ཀ་དང་། ཆེ་ཆུང་དབྱེ་བ། ཟ་མ་རང་འདེམས། རང་འདོད་ལྟར་ཚལ་མངགས་པ་སོགས་ཀྱི་བྱ་ཐབས་ལག་བསྟར་བྱས་ཏེ་གྲོན་ཆུང་གོང་བཀུར་བྱ་རྒྱུ་དེ་སློབ་གྲྭའི་སྲོལ་བཟང་དུ་འགྱུར་བ་བྱས་ཡོད།
           སློབ་གྲྭ་གཅིག་ཙམ་མ་ཟད་དེ་བས་མང་བའི་ས་ཆར“སྡེར་གཙང་བྱ་སྤྱོད”ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་དགོས། ཟ་ཁང་ལ་ལས་སྐུ་མགྲོན་གྱིས་ཚལ་འདེམས་སྐབས“ཟས་མ་ཚར་ན་འཁྱེར་ཆོག”ཅེས་དྲན་སྐུལ་བྱེད་པ་དང་ད་དུང་ཞབས་ཞུ་བ་ལ་ལས་རང་འགུལ་ངང་འཛད་སྤྱོད་པར་ཐུམ་སྒྲིལ་བརྒྱབ་ནས་འཁྱེར་ཆོག་ཅེས་ཤོད་གི་ཡོད། “གཅིག་ཤེས་རྟོགས་བྱུང་ན་གཅིག་ལ་ཆད་པ་གཅོད་དགོས”ཚན་པ་ཁག་གཅིག་གིས་རྒྱས་སྤྲོས་ལོངས་སྤྱོད་ལ་དམིགས་ནས་ལམ་ལུགས་ནན་པོ་བཟོས་ཏེ“ལྕེ་ཐོག་གི་ཆུད་ཟོས”རྩ་མེད་གཏོང་བའི་ཐད་འཛད་སྤྱོད་པའི“སྡེར་གཙང་གི་འདུ་ཤེས”ཡོད་དགོས་ལ། མི་ཚང་མས“སྡེར་གཙང་གི་ཁོར་ཡུག”ཅིག་གཏོད་ཐུབ་པ་བྱེད་དགོས། མི་སྒེར་ནས་ཁྱིམ་ཚང་བར་དང་ཁེ་ལས་ནས་སྤྱི་ཚོགས་བར“སྡེར་གཙང་བྱ་སྤྱོད”དེ་ཁྱོན་ཡོངས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱས་ཏེ་ཤེས་དཔལ་ལྡན་པའི་བཟའ་འཐུང་དང་ལྗང་མདོག་གི་འཛད་སྤྱོད་ཁོར་ཡུག་ཧུར་ཐག་བསྐྲུན་ཚེ་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་ཐུབ་པ་མ་ཟད། སྤྱི་ཚོགས་ཧྲིལ་པོའི་རང་རྟོགས་ཀྱི་བྱ་སྤྱོད་ལ་ཡང་གྱུར་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།