འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲོང་ཡཱན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་གཞུང་གི་ཏང་ཙུའུ་
    ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲོང་ཡཱན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་གཞུང་གི་ཏང་ཙུའུ་
ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ།
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཟླ་6ཚེས་13ཉིན། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནམ་བོད་ལྗོངས་ཆུ་བཟང་འགྲེམས་སྟོན་སྤེལ་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲོང་ཡཱན་(庄严)གྱིས་ཤིས་ཚིག་གསུང་པ་རེད། ཁོང་གི་ལོ་རྒྱུས་མདོར་བསྡུས་ལྟར་ན། ཀྲོང་ཡཱན་ནི་དེ་སྔོན་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་ཧྲུའུ་ཅིའི་འགན་ཁུར་མྱོང་བ་རེད།
          བློ་མཐུན་ཀྲོང་ཡཱན་གྱི་ལོ་རྒྱུས་མདོར་བསྡུས།
          ཀྲོང་ཡཱན། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་8པར་སྐྱེས། ཅི་ལིན་ཞིང་ཆེན་ནུང་ཨན་ས་ཆའི་མི་ཡིན་པ། ཞིབ་འཇུག་སློབ་མའི་སློབ་ཡོན་དང་དཔལ་འབྱོར་རིག་པའི་ཤེས་རམས་པའི་བསླབ་གནས་ཡོད། 1988ལོའི་ཟླ་7པར་ལས་ཀར་ཞུགས་ལ། 1985ལོའི་ཟླ་5པར་ཏང་ལ་ཞུགས་པ་རེད། ལས་ཀའི་མྱོང་བ་གཙོ་བོ་གཤམ་གསལ།
          1984.09—1988.07བར་ཅི་ལིན་ནོར་སྲིད་དང་ཉོ་ཚོང་སློབ་གླིང་གི་ཉོ་ཚོང་དཔལ་འབྱོར་ཚན་ཁག་གི་ཚོང་ལས་དཔལ་འབྱོར་ཆེད་ལས་ཀྱི་སློབ་མ་ཡིན་པ།
          1988.07—1990.10བར་ཅི་ལིན་ཞིང་ཆེན་ཟོག་གོང་ཅུས་ཀྱི་ཟོག་གོང་ཞིབ་བཤེར་ཁང་གི་ཁོངས་མི་ཡིན་པ།
         1990.10—1998.03བར་ཅི་ལིན་ཞིང་ཆེན་མི་དོན་ཐིང་གི་ཞིང་ཆེན་ཐད་གཏོགས་སྒྲིག་ལུགས་ཁྲུའུ་ཡི་ལས་བྱེད་ཡིན་པ།
         1998.03—2000.09བར་ཅི་ལིན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་དཔལ་འབྱོར་ལས་བྱེད་ཁྲུའུ་ཡི་ལས་བྱེད་ཡིན་པ།
         2000.09—2004.07བར་ཅི་ལིན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ལས་བྱེད་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པ་ཡིན་པ། (བར་སྐབས་དེ་ལ།2001.09—2004.06བར་ཅི་ལིན་སློབ་ཆེན་ཨ་ཤེ་ཡ་བྱང་ཤར་ཞིབ་འཇུག་གླིང་གི་འཛམ་གླིང་དཔལ་འབྱོར་ཆེད་ལས་ཀྱི་ལས་སྡོད་ཞིབ་འཇུག་སློབ་མ་ཡིན་ལ། དཔལ་འབྱོར་རིག་པའི་ཤེས་རབས་པའི་བསླབ་གནས་ཐོབ་པ།)
          2004.07—2006.01བར་ཅི་ལིན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ཤེས་ལྡན་མི་སྣའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཡིན་པ།
          2006.01—2006.11བར་ཏཱ་ཨན་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགན་འཛིན་གཞོན་པ། གྲོང་ཁྱེར་གྱི་འགན་འཛིན་གྱི་འཐུས་ཚབ་བཅས་ཡིན་པ།
          2006.11—2007.01བར་ཏཱ་ཨན་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགན་འཛིན་ཡིན་པ།
          2007.01—2009.02བར་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ཨུ་ལྷན་གྱི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡིན་པ།(2004.08—2007.07བར་ཅི་ལིན་ཞིང་ཆེན་ཨུ་ལྷན་ཏང་གི་སློབ་གྲྭའི་ཁྲིམས་ལུགས་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་ལས་སྡོད་སློབ་སྦྱོང་བྱས་པ།)
          2010.05—2012.05བར་ཅི་ལིན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ཡི་རྒྱུན་ཨུའི་པུའུ་ཀྲང་གཞོན་པ་ཡིན་པ། (ཐིང་རིམ་པ་རྒན་པ་ཡིན་པ།)
         2012.05—2015.05བར་ཅི་ལིན་ཞིང་ཆེན་ཨུ་ལྷན་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡིན་པ། (2014.04—2015.09བར་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་བ།)
          2015.05—2016.01བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་ཞིང་ཆེན་གྱི་འགན་འཛིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་བཅས་ཡིན་པ།
           2016.01—2017.03བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་། ཞིང་ཆེན་གྱི་འགན་འཛིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པ།
          2017.03—ད་ལྟ་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ།
          2017.05བར་ཅི་ལིན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་ལ་བདམས་ཐོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།