འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་དུ་སྐྱེ་ཁམས་ཁྲིམས་སྐྱོང་དྲན་སྐུལ་སློབ་གསོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་སྒྲིག་འཛུགས་བྱས་ཏེ་《7·31ཁྲིམས་འགལ་གྱིས་གཙོད་རྔོན་པའི་གྱོད་གཞི་》ཞེས་པའི་ཆེད་དམིགས་བརྙན་འཕྲིན་བལྟས་པ་རེད། ཆེད་དམིགས་བརྙན་འཕྲིན་དེའི་ནང་དུ་ཉེས་ཅན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལྐོག་འཛུལ་བྱས་ཏེ་ཁྲིམས་འགལ་ངང་གཙོད་26རྔོན་པའི་བརྒྱུད་རིམ་བསྟན་པ་དང་། ཉེས་ཅན་ཧན་ཆེ་གེ་མོ་དང་། ཝང་ཆེ་གེ་མོ། ཅིང་ཆེ་གེ་མོ་བཅས་སོ་སོར་དུས་བཙོན་ལོ་བཅུ་དང་། ལོ་བརྒྱད། ལོ་ལྔ་བཅས་ཀྱི་ཉེས་ཆད་བཅད་པ་མ་ཟད། ད་དུང་དེ་བསྟུན་གྱི་དངུལ་ཆད་ཀྱང་བཅད་པ་རེད།
         ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུད་ཧྲུའུ་ཅི་ཝང་དེ་ཅུན་གིས་ཆེད་དམིགས་བརྙན་འཕྲིན་བལྟས་རྗེས། གཟིགས་མོ་བ་ཁ་ཤས་ཀྱིས་སྐྱེ་ཁམས་ཁྲིམས་སྐྱོང་དྲན་སྐུལ་སློབ་གསོ་སྤེལ་བ་དེས་མི་རྣམས་ཀྱིས་སྐྱེ་ཁམས་ཤེས་རྟོགས་དང་། སྐྱེ་ཁམས་ལ་དགའ་ཞེན། སྐྱེ་ཁམས་སྲུང་སྐྱོང་བཅས་བྱ་རྒྱུའི་འགན་འཁྲི་དང་ལས་འགན་འཁུར་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། "ཡུལ་ཤུལ་གྱི་ལེགས་ཆ་ཆེ་ཤོས་ནི་རང་བྱུང་སྐྱེ་ཁམས་ཡིན་པས། ཁྲིམས་འགལ་ངང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་པ་དང་གསོད་མཁན་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དེས་གཙང་གསུམ་ཆུ་འགོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སྐུལ་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད"ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།