འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་དངུལ་བུན་ལེན་གྲངས་འཕར་བའི་མྱུར་
    ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་གསལ། ཟླ་བ་4པའི་ཟླ་མཇུག་བར་དུ་བོད་ལྗོངས་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁེ་ལས་ཆུང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་828.67ཟིན་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་96.68%འཕར་བ་དང་། ཁེ་ལས་ཕྲན་ཆུང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་87.07ཟིན་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་33.34%འཕར་བ། བོད་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་དངུལ་བུན་ལེན་གྲངས་འཕར་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན་པ་རེད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་དངུལ་བུན་ལེན་གྲངས་མགྱོགས་མྱུར་འཕར་བ་དེའི་ཐོག་ནས་བོད་ལྗོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་མཚོན་པ་རེད།
           ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་གཙོ་བོར་བྱས་པའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱིས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། ལས་གནས་འཕར་སྣོན་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་ཐར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། འདས་པའི་ལོ་ལྔའི་རིང་ལ་སྒེར་གཉེར་ཁེ་ལས་ཀྱི་གྲངས་འབོར་ཐེམ་དུད་2439ནས་ཐེམ་དུད་12717དུ་འཕར་བ་དང་། ཁེར་གཉེར་བཟོ་ཚོང་ཐེམ་དུད་36085ནས་ཐེམ་དུད་50495རུ་འཕར་བ།  སྒེར་གཉེར་ཁེ་ལས་གྲངས་འབོར་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་ཀྱི་གྲངས་འབོར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཚོང་རའི་གྲུབ་ཆ་གཙོ་བོ་ཁག་གི་ནང་བཟུང་བའི་བསྡུར་ཚད་སོ་སོར་19.7%དང་76%ཟིན་པ་དང་། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཚད་70%ཡན་ཟིན་ཞིང་། ལས་ཞུགས་ལས་གནས་མཁོ་འདོན་བྱས་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལས་གནས་ཀྱི་80%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།