འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་
    འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧོ་པེ་ཞིང་ཆེན་ལས་ཞུགས་ལས་གཏོད་ལས་དོན་དང་2017ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཧོ་པེ་ཞིང་ཆེན་གྱི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་35.6ཟིན་པ་དེ་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། སློབ་ཐོན་སློབ་མ་ཁག་གཅིག་གི་ལས་ཞུགས་སྔོན་དཔག་དང་ཁྲོམ་རའི་དགོས་མཁོའི་དབར་ཧེ་བག་མངོན་གསལ་དོད་པོ་ཡོད། ཧོ་པེས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་པེས་ལས་གནས་སྦྲེལ་མཐུད་ལས་སྟེགས་ཧུར་ཐག་བཙུགས་ནས་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་སློབ་གྲྭར་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་ལས་བསྡུ་དང་། ལས་ཞུགས་ཞབས་ཞུའི་ཟླ་བ། དམངས་གཉེར་ཁེ་ལས་ཀྱི་ལས་བསྡུའི་གཟའ་འཁོར་སོགས་ཀྱི་ཆེད་དོན་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་རེད། སློབ་གྲྭ་ཐོན་ནས་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མར་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་འགུལ་རྣམ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“གཅིག་གཏད་གཅིག”གི་རྗེས་སྙེག་རོགས་སྐྱོར་ལག་ལེན་བསྟར་ཏེ་ལས་ཞུགས་ལས་གཏོད་ཀྱི་འདོད་མོས་ཡོད་མཁན་ལ་འཕྲལ་མར་ལས་གནས་སྦྲེལ་མཐུད་དང་ལས་གཏོད་བྱ་རྒྱུར་རོགས་སྐྱོར་བྱ་རྒྱུ་རེད། དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མ་རེར་སྒོར་2000གི་ལས་འཚོལ་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་སློབ་གྲྭ་ནས་མ་བྲལ་གོང་ཚང་མ་སྤྲོད་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་རེད།
        ས་གནས་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་སྣེ་ཁྲིད་ཐེབས་རྩ་འཛུགས་རྒྱུར་ཞིང་ཆེན་ཡོངས་ཀྱིས་ལྕག་སྐུལ་བྱས་ནས་སློབ་གྲྭ་ཆེ་མོ་བར་རྐང་དབང་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་རེད། ཞིང་ཆེན་རིམ་པའི་སྣེ་ཁྲིད་ཐེབས་རྩའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས་རང་འགུལ་ངང་ས་གནས་ཁག་དབར་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུ་རེད།
         གཞན་ཡང་ཧོ་པེས་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ནས“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”སོགས་ཀྱི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་ཐོན་སློབ་མར་འཚམ་པའི་གཞི་རིམ་གྱི་ལས་ཞུགས་ལས་གནས་མང་པོ་ཞིག་གཏོད་རྒྱུ་རེད། གཞི་རིམ་ལས་ཀའི་ཉམས་མྱོང་དང་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཁུངས་དང་བྱ་གཞག་ཚན་པར་ལས་བསྡུ་དང་། གོ་མིང་དཔྱད་འདེམས། གླ་ཕོགས་ཐོབ་ཐང་སོགས་ཐད་གཞི་རིམ་ལས་གནས་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།