འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་ཉིན་མོའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། གོང་ཚེས་ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་མཉམ་འབྲེལ་ཐོག་པེ་ཅིང་དུ“2017ལོའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་རྒྱལ་ཡོངས་ཐཱན་ཉུང་ཉིན་མོ་དང་པེ་ཅིང་གྲོང་ཁྱེར་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་གྱི་ཐཱན་ཉུང་ཉིན་མོའི་བྱེད་སྒོ་སྤེལ་བའི་མཛད་སྒོ”འཚོགས་པ་རེད། ཁེ་ལས་ཀྱི་འཐུས་མིས་བྱེད་སྒོ་སྤེལ་ཡུལ་དུ་ནུས་རྒྱུ་གྲོན་ཆུང་ནང་རང་མོས་ངང་ཞུགས་རྒྱུའི་ཁས་ལེན་ལ་མིང་རྟགས་བཀོད་པ་དང་། པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་ཐེང་ཤུན་སོགས་ཁེ་ལས་ཀྱི་འཐུས་མིས་ད་དུང་ཐུན་མོང་ཐོག“གཟའ་འཁོར་རེའི་ནང་ངས་རང་མོས་ངང་ཉིན་གཅིག་རླངས་འཁོར་གཏོང་ཉུང་དུ་གཏོང་རྒྱུའི”བྱེད་སྒོ་སྤེལ་བ་རེད།
         འདི་ལོའི་ཟླ་6ཚེས་11ཉིན་ནས་ཚེས་17ཉིན་བར་ནི་སྐབས་27པའི་རྒྱལ་ཡོངས་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་ཡིན་པ་དང་ཟླ་6ཚེས་13ཉིན་ནི་ཐཱན་ཉུང་ཉིན་མོ་ཐེངས་ལྔ་པ་དེ་ཡིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་གིས་བྱེད་སྒོ་སྤེལ་བའི་མཛད་སྒོའི་ཐོག་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་དང་ཐཱན་ཉུང་ཉིན་མོ་ནི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལས་ཀའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ལས་རིགས་ཁག་གིས་ནུས་རྒྱུ་གྲོན་ཆུང་གི་ལས་ཀར་འཛིན་པའི་ངོས་འཛིན་མཐོ་རུ་གཏོང་དགོས་ཞེས་བརྗོད། ཀྲང་ཡུང་གིས་ཕྱིར་བསྒྲགས་བྱས་དོན། 2016ལོའི་རྒྱལ་ཡོངས་ཀྱི་རྩིས་གཞིའི་GDPནུས་རྒྱུ་ཟད་གྲོན་5.0%ཆག་པ་དང་། རྩིས་གཞིའི་GDPདབྱང་གཉིས་ཐཱན་འགྱུར་འབུད་ཚད་6.6%ཆག་པ། ནུས་རྒྱུ་འཛད་སྤྱོད་བསྡོམས་འབོར་ཏུན་དུང་ཕྱུར་43.6གི་ཚད་གཞིའི་རྡོ་སོལ་ཡིན་པས། “ལོ་ལྔ་ཚན་བཅུ་གསུམ་པའི”ལོ་འཁོར་གྱི་འཕེལ་རིམ་གྱི་བླང་བྱ་དང་མཐུན་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། དྲིལ་བསྒྲགས་གཟའ་འཁོར་རིང་ས་གནས་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“ནུས་རྒྱུ་གྲོན་ཆུང་ནང་བདག་ཞུགས་རྒྱུ་དང་ལྗང་མདོག་མཉམ་སྤྱོད”དང“བཟོ་ལས་ཐཱན་ཉུང་འཕེལ་རྒྱས”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤྱི་ཕན་བརྡ་ཆ་འགྲེམས་གཏོང་དང་། ནུས་རྒྱུ་གྲོན་ཆུང་སློབ་གྲྭ་དང་། ཁེ་ལས། སྡེ་ཁུལ་བཅས་སུ་སྤེལ་བ། ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ། ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས་ཚོང་རར་སྟོན་པ། ལྗང་མདོག་འགྲོ་སྐྱོད། ནུས་རྒྱུ་གྲོན་ཆུང་གི་བྱ་དགའི་ཤེས་བྱའི་འགྲན་བསྡུར། བརྗོད་དོན་གཙོ་བོའི་འཕྲིན་ཐུང་གཏོང་སྤེལ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།