འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་ལས་བོད་དང་ཤང་ཀང་གི་གཞོན་ནུའི་ལག་གདང
    ་སྦྲེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གསོ་རིག་སློབ་གླིང་དུ་སློབ་མ་སྐལ་བཟང་ཡོན་ཏན་གྱིས་སྤེལ་རེས་བྱེད་པར་འོང་བའི་ཤང་ཀང་གི་གཞོན་ནུར་བ་སྤྲུར་འབྲས་སྐྲན་འགོག་པའི་ནུས་པ་ལྡན་ལ། ད་དུང་རང་བྱུང་གི་མཆུ་ཚོས་ཀྱང་བྱེད་ཆོག་ཅེས་སྨན་རྒྱུ་ལེགས་ཤོས་ཁག་ཅིག་རེ་རེ་བཞིན་ངོ་སྤྲོད་བྱས།
         སྐལ་བཟང་ཡོན་ཏན་གྱིས་ངོ་སྤྲོད་བྱས་པ་དེས་ཤང་ཀང་གྲོང་ཁྱེར་སློབ་ཆེན་ནས་ཡོང་བའི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་དབྱང་ཐན་ཁྲེང་ངོ་མཚར་བར་གྱུར་ཞིང་། ཁོང་གིས"བོད་སྨན་ཞེས་པ་གོ་མྱོང་ཡང་། བོད་ལུགས་གསོ་རིག་སྨན་རྫས་ལོ་རྒྱུས་རིང་ཞིང་གཏིང་དཔོག་དཀའ་བ་འདི་འདྲ་ཡོད་པ་བསམ་པའི་ཡུལ་ལ་མེད། དངོས་གནས་ཡིད་དབང་འཕྲོག་པ་ཞིག་འདུག"ཅེས་བཤད།
         དབྱང་ཐན་ཁྲེང་ཚུད་པའི་གཞོན་ནུ་ཤང་ཀང་བ་30ལྷག་བོད་ལ་གཟའ་འཁོར་གཅིག་གི་སྤེལ་རེས་བྱེད་སྒོའི་ནང་ཞུགས་ཤིང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སློབ་གསོ་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2003ལོ་ནས་བཟུང་། བོད་དང་ཤང་ཀང་ས་ཁུལ་གཉིས་ཀྱི་གཞོན་ནུ་ཕན་ཚུན་དབར་འཚམས་འདྲི་ལོ་15བསྟུད་མར་བྱས་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་ལྟ་སྐོར་དུ་བསྐྱོད་དེ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རིག་གནས་ལ་ཤེས་རྟོགས་བྱེད་པ་ནི། བོད་དུ་ཡོང་བའི་གཞོན་ནུ་ཤང་ཀང་བར་བཀོད་སྒྲིག་བྱས་པའི"རྒྱུན་གནས་རྣམ་གྲངས"གྲས་ཤིག་ཡིན་པ་རེད།
         འཐུས་མི་ཚོགས་པའི་གསོ་རིག་ཆེད་ལས་ཡིན་པའི་གཞོན་ནུ་ཚོ་བོད་ཀྱི་སྨན་གཞུང་ལ་ཤེས་འདོད་ཀྱི་བསམ་པ་ཤུགས་ཆེན་ལྡན་ཞིང་། ཤང་ཀང་ཡོངས་བསྒྲགས་སློབ་ཆེན་གྱི་ནད་ཞབས་སྡེ་ཁག་གི་སློབ་མ་ཧོང་ཧྲུའུ་ཤིན་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་ཡིན།
         ནུབ་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལ་ཁྱད་པར་གང་ཡོད་པ་དང་། བོད་ལུགས་གསོ་རིག་གིས་སྨན་སྤྱོད་ཚུལ་ལ་ཁྱད་ཆོས་གང་ལྡན་པ་བཅས་ཧོང་ཧྲུའུ་ཤིན་གྱི་དྲི་བར་རྒན་ཡོལ་ཞུས་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དགའ་བས་ངང་རྒྱུད་རིང་པོས་ལན་བཏབ་པ་རེད།
         བོད་ལུགས་གསོ་རིག་སྨན་རྫས་སྐོར་ལ་ཕྱོགས་གཅིག་ནས་ཧོང་ཧྲུའུ་ཤིན་འདྲ་བའི་གཞོན་ནུ་ཀང་ཤང་བ་མང་པོས་རང་འགུལ་ངང་དོགས་གཞི་དྲིས་ནས་ཤེས་རྟོགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཧུང་ཧྲུའུ་ཤིན་དང་ན་མཉམ་གྱི་བོད་ཀྱི་གཞོན་ནུས་ཀྱང་ཁོང་ཚོར་ངོ་སྤྲོད་ཧུར་ཐག་བྱེད་པ་དང་སྦྲགས། རང་ཉིད་ཀྱི་བསམ་གཞིག་སྒོ་མོའང་འབྱེད་བཞིན་ཡོད།
         བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་མཐོ་རིམ་ནད་ཞབས་འཛིན་གྲྭའི་ལོ་རིམ་གསུམ་པའི་སློབ་གྲྭ་ཆེ་མོ་བ་བསྟན་འཛིན་སངས་རྒྱས་ཀྱིས་ཤང་ཀང་ལ་ཉིན་དྲུག་གི་སྤེལ་རེས་མཇུག་འགྲིལ་རྗེས་སྨན་སྦྱོང་མཁན་ཤང་ཀང་སློབ་ཕྲུག་ལ་བོད་ལུགས་གསོ་རིག་སྨན་རྫས་སྐོར་ལ་བགྲོ་གླེང་ཡང་བྱས་པ་རེད།
         "བོད་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག་དབར་ལ་ཁྱད་པར་ཆེན་པོ་ཡོད"ཅེས་བསྟན་འཛིན་སངས་རྒྱས་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་དེ་ལྟ་ཡིན་ནའང་བོད་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག་དབར"ཟུང་འབྲེལ"གཏན་ནས་བྱེད་མི་ཐུབ་པའང་མིན། ལེ་དབར་སྟོང་གིས་ཆོད་པའི་བོད་དང་ཤང་ཀང་གི་གཞོན་ནུས་ཕན་ཚུན་འཚམས་འདྲི་བྱས་ནས་སྲོལ་རྒྱུན་གྱི་གསོ་བ་རིག་པ་དང་དེང་རབས་ཀྱི་གསོ་བ་རིག་པའི་དབར་ལོ་ངོ་སྟོང་གི་འབྲེལ་གཏུག་ཡོང་བ་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།