འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅༎"པོའོ་ཧའེ་འབྲུ་མཛོད"ལས་གཞིས་ཐོན་འབབ་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎'པོའོ་ཧའེ་འབྲུ་མཛོད'ལས་གཞིས་ཐོན་འབབ་ཆེ་རུ་བཏང་བ།
         མི་དམངས་དྲ་བའི་འཕྲིན། "པོའོ་ཧའེ་འབྲུ་མཛོད་ཚན་རྩལ་དཔེ་སྟོན་ལས་གཞི"ནི་2013ལོ་ནས་དངོས་སུ་འགོ་ཚུགས་པ་ཡིན་ལ། དེ་ནི་ཀྲུང་གོའི་ཚན་རིག་ཁང་དང་ཚན་རྩལ་པུའུ་ཡིས་ཧོ་པེ་དང་ཧྲན་ཏུང་། ལའོ་ཉིན་དང་ཐེན་ཅིན་བཅས་དང་མཉམ་འབྲེལ་བྱས་ནས་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རོགས་འདེགས་རྣམ་གྲངས་ཞིག་ཡིན་པ་དང་། པོའོ་ཧའེ་རྒྱ་མཚོའི་མཐའ་སྐོར་གྱི་ཐོན་ཚད་དམའ་བའི་ཞིང་སའི་འབྲུ་རིགས་ཐོན་འབབ་ཇེ་ཆེར་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པ་རེད། ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ནི་པོའོ་ཧའེ་འབྲུ་མཛོད་ལས་གཞི་ལག་བསྟར་གྱི་ལྟེ་གནས་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ། ཧོ་པེ་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོའི་ཚན་རིག་ཁང་ནན་ཕི་སྐྱེ་ཁམས་ཞིང་ལས་ཚོད་ལྟའི་ས་ཚིགས་མ་ལག་གིས་ས་ཞིང་བ་ཚྭ་ཅན་ལེགས་བཅོས་ཐོག་བེད་སྤྱོད་དང་ཐོན་འབབ་ཞན་པའི་ཞིང་སའི་ཐོན་འབབ་ཆེ་རུ་གཏོང་བ་དང་ཆུའི་ཐོན་ཁུངས་ཕན་འབྲས་ཐོན་པར་བཀོལ་སྤྱོད། ཚ་ཆུ་ཡུར་འདྲེན་སོགས་གསར་གཏོད་རང་བཞིན་གྱི་གཞུང་ལུགས་དང་ཚན་རྩལ་ཞིབ་འཇུག་བྱས་ཏེ། པོའོ་ཧའེ་རྒྱ་མཚོའི་མཐའ་སྐོར་གྱི་འབྲུའི་ཐོན་འབབ་ཇེ་ཆེ་དང་ཞིང་པར་ལོ་ལེགས། ཞིང་ལས་ནུས་ཆེ་བཅས་ཀྱི་ཐད་ལ་ཚན་རྩལ་གྱི་རོགས་སྐྱོར་བྱས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅༎'པོའོ་ཧའེ་འབྲུ་མཛོད'ལས་གཞིས་ཐོན་འབབ་ཆེ་རུ་བཏང་བ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།