འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎མཚོ་སྔོན་གྱི་ཚྭ་མཚོའི"གནོད་མེད་མཱེ"ཐོན་ལས་ཅན་དུ་འགྱུར་ནས་རླངས་འཁོར་དེ་བས་ཡང་དུ་འགྲོ་
    རྒྱུ་དང་ཁོར་ཡུག་དེ་བས་སྲུང་སྐྱོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་དུ་འཚོགས་པའི"ཚྭ་མཚོའི་མཉམ་བསྲེས་མཱེ་ལྕགས་ཐོན་ལས་དང་རླངས་འཁོར་ཡང་འགྱུར་ཅན་འཕེལ་རྒྱས་ཀྱི་གླེང་སྟེགས"ཐོག་ནས་ཤེས་རྟོགས་བྱུང་བར། རང་ངོས་ཀྱི་ཐོན་ཁུངས་དང་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་གྱི་ཚྭ་མཚོ་དཀར་མོའི་མཱེ་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་བ་ལས་རླངས་འཁོར་ཡང་བའི་ཕྱོགས་སུ་མགྱོགས་ལ་བརྟན་པོའི་སྒོ་ནས་འཕེལ་རྒྱས་སོང་ནས་རླངས་འཁོར་ལས་རིགས་དེ་བས་གནོད་མེད་དང་ཁོར་ཡུག་དེ་བས་སྲུང་སྐྱོང་ཐུབ་པ་ཞིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།
         རླངས་འཁོར་ཡང་འགྱུར་ཅན་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིན་དབྱིས་ཀྱིས"ནུས་རྒྱུ་གྲོན་ཆུང་དང་བཙོག་ཆུ་ཉུང་གཏོང་ནི་རླངས་འཁོར་ལས་རིགས་འཕེལ་རྒྱས་གཏོང་བའི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་། རླངས་འཁོར་གྱི་ལྗིད་ཚད་ཡང་དུ་གཏོང་རྒྱུ་ནི་ནུས་རྒྱུ་གྲོན་ཆུང་དང་བཙོག་ཆུ་ཉུང་གཏོང་གི་འགག་རྩ་ཞིག་ཡིན། རླངས་འཁོར་གྱི་ལྗིད་ཚད་10%ཡང་དུ་འགྲོ་རིམ་བཞིན་ནུས་རྒྱུའི་ཟད་གྲོན་ཡང་6%ནས་8%བར་ཆག་གི་ཡོད། མཉམ་བསྲེས་མཱེ་ལྕགས་ལ་ལྗིད་ཚད་ཡང་བ་དང་ཚུར་བསྡུ་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། མཉམ་བསྲེས་མཱེ་ལྕགས་བེད་སྤྱོད་བྱེད་པ་དེ་རླངས་འཁོར་ཡང་དུ་གཏོང་བའི་ཁྲོད་ཀྱི་འགག་རྩ་ཞིག་ཏུ་འགྱུར་རྒྱུ་རེད"ཅེས་ངོ་སྤྲོད་བྱས་བྱུང་།
         མཱེ་ནི་མིག་སྔར་འཛམ་གླིང་ཐོག་བཀོལ་སྤྱོད་ཆོག་པའི་ལྕཌ་རིགས་རྒྱུ་ཆ་ཡང་ཤོས་ཤིག་ཡིན། ལྗིད་ཚད་ལ་ངར་ལྕགས་ཀྱི་1/4ཙམ་ལས་མེད་པའི་མཱེ་ལ"དུས་རབས་ཉེར་གཅིག་པའི་གནོད་མེད་ལས་གྲྭའི་རྒྱུ་ཆ"ཞེས་བརྗོད་ཀྱི་ཡོད། ཡང་འགྱུར་ཅན་ནི་འབྱུང་འགྱུར་རླངས་འཁོར་གྱི་འཕེལ་རྒྱས་འགྲོ་ཕྱོགས་ཀྱི་གྲས་ཤིག་རེད། འབྲེལ་ཡོད་གྲངས་གཞི་ལས་མངོན་པར། མིག་སྔར་རང་རྒྱལ་གྱི་རླངས་འཁོར་ལས་རིགས་ཀྱིས་རླངས་འཁོར་རེར་མཱེ་སྤྱོད་ཚད་ཆ་སྙོམས་སྤྱི་རྒྱ་4.5ཟིན་པ་དང་། བཟོ་ལས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གྱིས་2030ལོར་སླེབས་སྐབས་གྲངས་གཞི་དེ་ལྡབ་བཅུ་འཕར་རྒྱུའི་ཚོད་དཔག་བྱས་ཡོད།
         མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཤེ་ཁང་མིང་གིས"ཚྭ་མཚོ་དཀར་མོའི་ཐོན་ཁུངས་ལ་བརྟེན་ནས་ཀུང་སིས་2016ལོའི་ལོ་མཇུག་ཏུ་ལོ་རེར་ལྕགས་རིགས་མཱེ་ཏུན་ཁྲི་10ཐོན་པའི་རྣམ་གྲངས་ཀྱི་ཐོན་སྐྱེད་བཟོ་རྩལ་ཆ་ཚང་བཏོད་པ་དང་འབྱུང་འགྱུར་གྱི་དམིགས་ཚད་ནི་ལོ་རེར་ཏུན་ཁྲི་100ཐོན་སྐྱེད་བྱ་རྒྱུ་དེ་ཡིན། མཉམ་བསྲེས་མཱེ་ལྕགས་རྒྱུན་སྲིང་དང་བརྟན་པོའི་སྒོ་ནས་མཁོ་འདོན་བྱ་རྒྱུ་ཡིན"ཞེས་གསར་འགོད་པར་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།