འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅༎མཚོ་སྔོན་གྱི་པར་རིས་དང་ཐང་གའི་འགྲེམས་སྟོན་ཁོ་ཕེན་ཧ་ཀེན་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་13ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་ལ"ཀྲུང་གོ་ཤེས་ཚོར་བྱེད་པའི། མཛེས་སྡུག་ལྡན་པའི་མཚོ་སྔོན"ཞེས་པའི་པར་རིས་དང་ཐང་གའི་འགྲེམས་སྟོན་ཏེན་མག་གི་རྒྱལ་ས་ཁོ་ཕེན་ཧ་ཀེན་གྱི་DGI-BYENགྲོས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད།
         མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཀྱི་པར་རིས་200ལྷག་ཙམ་དང་དེ་བཞིན་ཐང་གའི་བརྩམས་ཆོས་རྩེ་གྲ་30ཡི་ཐོག་ནས་ཏེན་མག་གི་མི་དམངས་ལ་ཀྲུང་གོའི་མཚོ་བོད་ས་མཐོའི་གདོད་མའི་སྣོད་བཅུད་ཀྱི་སྣེ་མང་རང་བཞིན་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པས་ཡུལ་དེ་གའི་དམངས་ཚོགས་ཀྱི་དགའ་བསུ་དང་བསྔགས་བརྗོད་ཐོབ་ཡོད།
        འགྲེམས་སྟོན་བྱེད་སྒོ་དེ་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བ་ཞིག་རེད། གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཅང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ཐོག་བཀྲམ་པའི་པར་རིས་དག་གིས་རིམ་པ་མི་འདྲ་བ་དང་། ཟུར་ཚད་མང་བ། ནང་དོན་གཏིང་ཟབ་པ་བཅས་ཀྱི་ཐོག་ནས་མཚོ་སྔོན་གྱི་ཡིད་འོང་རང་བྱུང་མཛེས་ལྗོངས་སྣ་ཚོགས་དང་། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས། ས་གནས་དེ་གའི་སྲིད་གཞུང་ལ་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་བཅས་འགྲེམས་སྟོན་བྱས་ནས་མཚོ་སྔོན་གྱི་མཚར་སྡུག་ཏེན་མག་གི་དམངས་ཚོགས་ལ་ཐད་ཀར་ངོ་སྤྲོད་བྱས་ཡོད། ཐང་གའི་བརྩམས་ཆོས་ཚང་མ་བོད་རིགས་ཀྱི་རྒྱལ་ཁབ་རིམ་པའི"མངོན་མིན་རིག་གནས་ཤུལ་བཞག"གི་རྒྱུན་འཛིན་པ་ཤ་བོ་སྐྱབས་ཀྱི་བརྩམས་ཆོས་ཡིན་ཞིང་། ཐང་གའི་བརྩམས་ཆོས་དག་ལ་གཟུགས་དབྱིབས་བཀོད་པ་གསོན་ཉམས་དོད་ལ་འབྲི་རྩལ་ཁྱད་དུ་འཕགས་པ་དང་ཚོན་མདངས་རྣམ་པར་བཀྲ་བའི་ཁྱད་ཆོས་དུ་མ་འདུས་པས་སྒྱུ་རྩལ་གྱི་རང་བཞིན་ཆེན་པོ་ལྡན་ཡོད།
         ཏེན་མག་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ལིའུ་ཏུང་གིས་ཤིས་ཚིག་ནང་ཀྲུང་ཏེན་རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་ཕྱིན་ནས་རིག་གནས་སྤེལ་རེས་ཉིད་ཕྱོགས་གཉིས་ཀྱི་འབྲེལ་བའི་བཀྲག་མདངས་འཚེར་སར་གྱུར་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ནི་སྒྱུ་རྩལ་མཁས་ཅན་ཚོས་ཕན་ཚུན་རྒྱུས་མངའ་ལོན་པ་དང་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བའི་གར་སྟེགས་གཞན་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད་ཅེས་འཁོད་ཡོད།
         འགྲེམས་སྟོན་བྱེད་སྒོའི་ནང་ཞུགས་མཁན་ཏེན་མག་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཧྥོ་ལའེ་མིང·པུའུ་ལུའུ་ཨེན་གྱིས་2017ལོ་ནི"ཀྲུང་ཏེན་ཡུལ་སྐོར་ལོ"ཡིན་པ་དང་ད་ཐེངས་ཀྱི་འགྲེམས་སྟོན་ནི"ཀྲུང་ཏེན་ཡུལ་སྐོར་ལོའི"རིམ་སྤེལ་བྱེད་སྒོའི་གྲས་ཤིག་རེད། ཏེན་མག་དང་ཀྲུང་གོའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་གཏིང་ཟབ་སྤེལ་བ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕྱོགས་གཉིས་པོའི་རིག་གནས་ཀྱི་ཤེས་རྟོགས་སྔར་བས་ཟབ་ཏུ་འགྲོ་རྒྱུ་དང་འགྲེམས་སྟོན་དེ་འདྲ་བས་ཀྱང་ཏེན་མག་གི་དམངས་ཚོགས་དེ་བས་མང་བ་ཀྲུང་གོར་ཡུལ་སྐོར་དུ་འགྲོ་རྒྱུའི་ཡིད་དབང་འགུག་རྒྱུ་རེད། ཁོང་གིས་ཕྱིས་སུ་གོ་སྐབས་བྱུང་ན་མཚོ་སྔོན་དུ་ལྟ་སྐོར་དུ་འགྲོ་འདོད་ཡོད། ཀྲུང་གོའི་ཡུལ་སྐོར་བས་ཀྱང་ཏེན་མག་ཏུ་ཡོ་རོབ་བྱང་མའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཏེན་མག་ནི་ད་ཐེངས་འགྲེམས་སྟོན་བྱེད་སྒོའི་ས་ཚུགས་ཐོག་མ་དེ་ཡིན་པ་དང་དེ་རྗེས་སྐུ་ཚབ་ཚོགས་པས་ད་དུང་ནོར་ཝེ་དང་སུའེ་ཙེར་དུ་བསྐྱོད་ནས་འགྲེམས་སྟོན་གཉེར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།