འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་གྲོང་རྡལ་རིམ་པའི་བཙོག་
    ཆུ་གཙང་གསིང་སྒྲིག་བཀོད་ཡོངས་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀོང་ཤིས་ཀྱིས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ན་ནིང་ལས་འགོ་ཚུགས་པའི་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཁག་དང་པོའི་ཤང་དང་གྲོང་རྡལ་རིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་313འདི་ལོའི་ཟླ་11པའི་ཟླ་མཇུག་གོང་ཚང་མ་ལེགས་སྒྲུབ་ཟིན་ནས་ཚོད་ལྟ་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནས་2020ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་450འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་གཞི་རྩའི་ཐོག་ཡོངས་ཁྱབ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀོང་ཤིས་ཀྱིས“གོམ་སྟབས་གསུམ”གྱི་འཐབ་ཇུས་བཏོན་པ་སྟེ། 2016ལོ་ནས་2017ལོའི་བར་ཁག་དང་པོའི་ཤང་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་313འཛུགས་སྐྲུན་བྱ་རྒྱུ་དང་། 2018ལོ་ནས་2019ལོའི་བར་ཁག་གཉིས་པའི་སྒྲིག་བཀོད་150ཙམ་འཛུགས་སྐྲུན་བྱ་རྒྱུ། 2020ལོར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཤང་གྲོང་རྡལ་དུ་བསྒྱུར་བའམ་ཡང་ན་གཅིག་སྡུད་ཐོག་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་གྱི་དགོས་མཁོ་ཡོད་པའི་ཁྱད་ལྡན་གྲོང་རྡལ་སོགས་ཀྱི་རྣམ་གྲངས་ལེགས་སྒྲུབ་བྱ་རྒྱུ་བཅས་དང་འབྲེལ་འཛུགས་སྐྲུན་མ་དངུལ་ནས་རོགས་དངུལ་སྤྲོད་པ་དང་། འཁོར་རྒྱུག་ཁ་གསབ་སྤྲོད་པ། ལས་རྗེས་ལ་སྐར་མ་སྣོན་པ། རྫོང་ཧྲིལ་པོའི་PPPསྐུལ་གཏོང་བྱ་དགའ་སྤྲོད་པ་སོགས་ཀྱི་ཕྱོགས་བསྡུས་བྱ་དགའི་བྱེད་ཐབས་སྤྱད་དེ་ཀོང་ཤིས་ཀྱི་ཤང་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་བཏང་ནས་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་450འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས་ལྗོངས་ཡོངས་སུ་གྲོང་རྡལ་རིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་གཞི་རྩའི་ཐོག་ཡོངས་ཁྱབ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
         མིག་སྔར་ཀོང་ཤིས་ཡོངས་སུ་རྣམ་གྲངས་8གཞི་རྩའི་ཆར་ལེགས་སྒྲུབ་ཟིན་པ་དང་། རྣམ་གྲངས་85གཟུགས་རྐྱང་པའི་བཟོ་བཀོད་དངོས་པོ་འཛུགས་སྐྲུན་བྱེད་འགོ་ཚུགས་པ། རྣམ་གྲངས་48རྨང་གཞིའི་ཨར་རྒྱག་དུས་མཚམས་སུ་སླེབས་པ། རྣམ་གྲངས་18ཀྱི་མདོང་ལམ་དྲ་བ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། རྣམ་གྲངས་གཞན་དག་གི་འཕེལ་རིམ་བལྟོས་བཅས་ཀྱིས་འགོར་ཙམ་ཡོད་པ་རེད། གྲོང་ཁྱེར་རིམ་པའི་ནང་ནན་ཉིང་དང་། པེ་ཧའེ། ཀུའེ་ཀང་། ཡུས་ལིན། ཧོ་ཀྲོའུ། ཁྲུང་ཙུའོ་བཅས་གྲོང་ཁྱེར་6གི་འཕེལ་རིམ་མགྱོགས་ཙམ་ཡོད་པ་དང་ཁོངས་གཏོགས་ཁུལ་གྱི་རྣམ་གྲངས་ཕྱེད་ཀ་ལྷག་ཙམ་རྨང་གཞིའི་ཨར་རྒྱག་དུས་མཚམས་སུ་སླེབས་པ་དང་། རྫོང་རིམ་པའི་ནང་འདི་ལོ་ལྗོངས་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས)78ལ་གྲོང་རྡལ་རིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལས་འགན་ཡོད་པ་དང་། མིག་སྔར་རྫོང་28ཀྱི་རྨང་གཞིའི་ཨར་རྒྱག་དུས་སུ་སླེབས་པའི་རྣམ་གྲངས་80%ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།