མི་དམངས་དྲ་བ།

༄༅།།རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་
འཐུས་དོ་དམ་གྱི་ལག་བསྟར་ཞིབ་སྲོལ་》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་འཐུས་དོ་དམ་གྱི་ལག་བསྟར་ཞིབ་སྲོལ་》ཁྱབ་བསྒྲགས་བྱས་པ་རེད། ཞིབ་སྲོལ་དེར་ཁྱོན་དོན་ཚན་བཅོ་བརྒྱད་ཡོད་ཅིང་། དེའི་ནང་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་འཐུས་ཆ་རྐྱེན་དང་། རེ་ཞུའི་དཔྱད་ཡིག བདེ་འཇགས་ཚོད་སྐོར། ཆོག་འཐུས་བདག་སྤྲོད། ཞིབ་བཤེར་གཏན་འབེབས། གཏན་འབེབས། ལྟ་སྐུལ་དོ་དམ་རེ་བ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད་པ་དང་། 2017ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
       ཞིབ་སྲོལ་ནང་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་གྲས་སུ་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་བཅར་འདྲི་རྩོམ་སྒྲིག་དང་ཡོངས་བསྒྲགས་ཞབས་ཞུ་དང་། བརྒྱུད་འགོད་ཞབས་ཞུ། བརྒྱུད་བསྒྲགས་ལས་སྟེགས་ཞབས་ཞུ་བཅས་ཚུད་ཡོད། དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་བཅར་འདྲི་རྩོམ་སྒྲིག་དང་ཡོངས་བསྒྲགས་ཀྱི་ཞབས་ཞུ་མཁོ་འདོན་གྱི་ཆོག་མཆན་ཐོབ་རིགས་ཀྱིས་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་བརྒྱུད་འགོད་ཞབས་ཞུ་མཁོ་འདོན་དུས་གཅིག་ཏུ་བྱེད་ཆོག དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་བརྒྱུད་བསྒྲགས་ལས་སྟེགས་ཀྱི་ཞབས་ཞུ་མཁོ་འདོན་ལ་ཆོག་མཆན་ཐོབ་པ་དང་བཅར་འདྲི་རྩོམ་སྒྲིག་དང་ཡོངས་བསྒྲགས་ཞབས་ཞུ་དང་བརྒྱུད་འགོད་ཞབས་ཞུ་མཁོ་འདོན་དུས་གཅིག་ཏུ་བྱེད་རྩིས་ཡོད་རིགས་ལ་ཁྲིམས་བཞིན་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་བཅར་འདྲི་རྩོམ་སྒྲིག་དང་ཡོངས་བསྒྲགས་དང་བརྒྱུད་འགོད་ཞབས་ཞུའི་ཆོག་མཆན་ཐོབ་པ་བྱེད་དགོས་ཞེས་བསྟན་ཡོད།
     《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས་》གཞིར་བཟུང་། གཞུང་ཁོངས་ཚན་པ་ཁེ་ལས་སུ་བསྒྱུར་བའི་ལམ་ལུགས་སྒྱུར་བཅོས་དང་ཁེ་ལས་ཀྱི་མ་རྐང་ལམ་ལུགས་སྒྱུར་བཀོད་བྱས་པ་སོགས་ཀྱི་གནས་ཚུལ་དང་འཚམ་མཐུན་ཡོང་ཆེད། ཞིབ་སྲོལ་ནང་ཁེ་ལས་ཀྱི་ཁྲིམས་མཐུན་མི་སྣའི་རེ་ཞུའི་དཔྱད་ཡིག་སོགས་ཞིབ་ཕྲ་བཟོས་ནས་མ་རྩའི་བདེ་འཇགས་དང་ཆ་འཕྲིན་གྱི་ནང་དོན་བདེ་འཇགས་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱ་རྒྱུ་དང་དུས་གཅིག་ཏུ། དེ་དང་ཆབས་ཅིག་བརྒྱུད་བསྒྲགས་ལས་སྟེགས་ཞབས་ཞུ་བས་མཁོ་འདོན་མཁན་གྱི་འཐུས་སྒོ་ཚང་བའི་ལས་སྟེགས་རྩིས་ཁྲ་སྤྱོད་མཁན་གྱི་དོ་དམ་ལམ་ལུགས་དང་། གྲོས་མཐུན། ཞུ་གཏུག་ཐེར་འདོན་ཐག་གཅོད་ལམ་སྲོལ་སོགས་བཟོས་ནས་འགན་འཁྲི་ཁག་བགོས་ཁ་གསལ་མེད་པ་དང་ལྟ་སྐུལ་དོ་དམ་བྱ་ཐབས་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་ལུགས་གསལ་སྟོན་བྱས་ཡོད།