འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་ལྕགས་ལམ་ཐོག་ཟོག་འདྲེན་བྱེད་ཚད་དུས་ཚིགས་དང་པོའི་དུས་མཚུངས་ལས་
    73.9%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཝུའུ་ལུའུ་མུའུ་ཆི་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱུང་བར། 2017ལོ་ཚུན་དུ་ཤིན་ཅང་ལྕགས་ལམ་ཐོག་ཟོག་འདྲེན་བྱེད་ཚད་རྒྱུན་མཐུད་ངང་འཕར་ཞིང་། འདི་ལོའི་དུས་ཚིགས་དང་པོར་ཅུས་ཡོངས་ཀྱིས་ཟོག་འདྲེན་བྱེད་ཚད་དུས་མཚུངས་ལས་73.9%འཕར་ནས་འཕར་ཚད་རྒྱལ་ཡོངས་ལྕགས་ལམ་གྱི་ཨང་དང་པོར་སླེབས་ཡོད་པ་རེད།
          ཤིན་ཅང་ལྕགས་ལམ་སྡེ་ཚན་གྱིས“སྐྱེལ་འདྲེན་གསར་གཏོད་བྱེད་པར་རྩ་འཛུགས་ལ་འཇོན་ཐང་དགོས་པ་དང་། སྐྱེལ་འདྲེན་གནད་སྨིན་བྱེད་པར་རྩ་འཛུགས་ལ་ལས་ཆོད་དགོས་པ། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པར་ཕན་འབྲས་ཐོན་པ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་པས་ཟོག་འདྲེན་གཉེར་སྐྱོང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། 2016ལོའི་ཟླ་གསུམ་པར་ཅུས་ཡོངས་ཀྱིས་ཉིན་རེར་ཆ་སྙོམས་འཁོར་སྒྲོམ་3000བཏང་བ་དང་། 2016ལོའི་ཟླ་བཅུ་པར་འཁོར་སྒྲོམ་4000ཡན་བཏང་བ། མིག་སྔར་འཁོར་སྒྲོམ་4500ཙམ་གཏོང་གི་ཡོད་པ་རེད།
         ཟོག་འདྲེན་བྱེད་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཤིན་ཅང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་ཆེད། མིག་སྔར་ཝུའུ་ལུའུ་མུའུ་ཆི་ལྕགས་ལམ་ཅུས་ཀྱིས་ཝུའུ་བྱང་རྒྱུད་ནས་ཀྲུན་ཏུང་བར་གྱི་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་གཏོང་བ་དང་། ཧ་སྨི་བབས་ཚུགས་ཤར་མ་སྒྱུར་བཀོད། ཤིན་ཅང་ལྷོ་རྒྱུད་ཀྱི་ཆན་པའེ་ལི་རླུང་འཚུབ་ཁུལ་གྱི་རླུང་འགོག་སྒྲིག་བཀོད་ཡག་ཏུ་གཏོང་བ། ཁུའེ་ཏུན་ནས་ཁེ་ལ་མཱ་དབྱི་བར་མྱུར་ཚད་མགྱོགས་སུ་གཏོང་བ་དང་གློག་སྒྱུར་སྒྱུར་བཀོད་སོགས་རྣམ་གྲངས་10འཛུགས་པ་དང་ལག་བསྟར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།