འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ནེས་གློག་བརྙན་དུས་ཆེན་སྐབས་70པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀན་ནེས་གློག་བརྙན་དུས་ཆེན་སྐབས་70པ་འགོ་ཚུགས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན། ཀན་ནེས་(Cannes)གློག་བརྙན་དུས་ཆེན་སྐབས་70པ་ཧྥ་རན་སེ་རྒྱལ་ཁབ་ཀྱི་ལྷོ་རྒྱུད་མཚོ་འགྲམ་གྲོང་ཁྱེར་ཀན་ནེས་སུ་སྤེལ་འགོ་ཚུགས་ཏེ་འཛམ་གླིང་གི་གློག་བརྙན་ལས་རིགས་ཀྱི་མི་སྣ་དང་གློག་བརྙན་ལ་དགའ་མཁན་ཚོར་གློག་བརྙན་གྱི་དགྱེས་སྟོན་ཞིག་འབུལ་རྒྱུ་ཡིན་པ་རེད།
            ཐེངས་འདིའི་གློག་བརྙན་དུས་ཆེན་ཐོག འཁྲབ་སྟོན་པ་གྲགས་ཅན་མང་པོ་ཞིག་འཛོམས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ས་གདན་དམར་པོའི་ཐོག་བུད་མེད་འཁྲབ་སྟོན་པ་Marion Cotillardདང་ཞ་རའོ་ཐི་ཀན་སི་ཕོ། དེར་མ་ཟད་ཨ་རིའི་བུད་མེད་འཁྲབ་སྟོན་པ་Jessica Chastain དང་ཨ་རིའི་མི་ནག་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་Will Smith ཀྲུང་གོའི་བུད་མེད་འཁྲབ་སྟོན་པ་གྲགས་ཅན་Fan bing bing སོགས་དཔྱད་འདེམས་ཨུ་ལྷན་གྱི་མི་སྣ་ཚོའང་ས་གདན་དམར་པོའི་ཐོག་ཕེབས་ཡོད་པ་རེད།
              དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་བཞེས་པའི་སི་ཕེན་རྒྱལ་ཁབ་ཀྱི་འཁྲབ་སྟོན་པ་གྲགས་ཅན་དང་འཁྲབ་གཞུང་རྩོམ་སྒྲིག་གྲགས་ཅན་ཕའེ་ཏི་རོ་ཨར་མའོ་ཏོ་ཝར་གྱིས་ཁོང་གྱི་དཔྱད་འདེམས་རོགས་པ་8འཁྲིད་དེ་གློག་བརྙན་དུས་ཆེན་འདིའི་ཆེས་མཐོའི་ཤིང་ཏ་ལའི་བྱ་དགའ་དེ་སུ་ཞིག་ལ་སྤྲོད་རྒྱུ་ཡིན་མིན་ཐག་གཅོད་རྒྱུ་ཡིན་པ་རེད།
            གློག་བརྙན་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། ད་ཐེངས་ཀྱི་གློག་བརྙན་དུས་ཆེན་དུ་ཐོ་འགོད་བྱས་པའི་གློག་བརྙན་1930འབྱོར་ཡོད་པ་དང་། མཇུག་མཐར་རྒྱལ་ཁབ་12(འདི་ནི་འཁྲབ་སྟོན་པའི་རྒྱལ་ཁོངས་གང་ཡིན་ལས་བརྩིས་པ་)ནས་ཡོང་བའི་གློག་བརྙན་19འགྲན་རྩོད་ལེ་ཚན་དུ་ཞུགས་རྒྱུ་ཡིན་པ་རེད།
             ཀན་ནེས་གློག་བརྙན་དུས་ཆེན་སྐབས་70པའི་བྱེད་སྒོ་ནི་ཟླ་5ཚེས་28ཉིན་བར་སྤེལ་རྒྱུ་ཡིན་ཞིང་། སྐབས་འདིའི་གློག་བརྙན་དུས་ཆེན་གྱི་ཤིང་ཏ་ལའི་བྱ་དགའ་ཐོབ་མཁན་གྱི་གློག་བརྙན་དེ་མཇུག་སྒྲིལ་མཛད་སྒོའི་ཐོག་གཟིགས་འབུལ་གནང་རྒྱུ་ཡིན་པ་རེད།
    ༄༅།།ཀན་ནེས་གློག་བརྙན་དུས་ཆེན་སྐབས་70པ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།