འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཡོངས་ལས་རིགས་སློབ་གསོའི་སྟོན་ཚོགས་ཀྱི་མཚོ་སྔོན་འགྲེམས་ཁུལ་
    ལ་གདེང་འཇོག་ཡག་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་ནས་ཟླ་5ཚེས་7ཉིན་བར་ཀྲུང་ཧྭ་ལས་རིགས་སློབ་གསོའི་སྤྱི་ཁྱབ་ལས་དོན་ཁང་གིས་པེ་ཅིང་དུ་སྤྱི་ཁྱབ་ལས་དོན་ཁང་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཤིང་། མཚོ་སྔོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཅས་ཀྱིས་མཚོ་སྔོན་ཕྱུགས་ནད་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་དང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། ཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་ལག་རྩལ་སློབ་གླིང་། ཙོང་ཁ་རྫོང་ལས་རིགས་ལག་རྩལ་སློབ་གྲྭ དགོན་ལུང་ཧོར་རིགས་རང་སྐྱོང་ལྗོངས་ལས་རིགས་ལག་རྩལ་སློབ་གྲྭ རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལས་རིགས་ལག་རྩལ་སློབ་གྲྭ མཚོ་སྔོན་ཞིང་ཆེན་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ མཚོ་སྔོན་ཆུ་གློག་ལག་རྩལ་དགེ་འོས་སློབ་གླིང་བཅས་ལས་རིགས་སློབ་གླིང་དང་སློབ་གྲྭ་བརྒྱད་སྒྲིག་འཛུགས་བྱས་ནས་མཚོ་སྔོན་གྱི་ཚབ་བྱས་ཏེ“2017ལོའི་རྒྱལ་ཡོངས་ལས་རིགས་སློབ་གསོའི་སྟོན་ཚོགས་དང་ཀྲུང་ཧྭ་ལས་རིགས་སློབ་གསོ་ལས་དོན་ཁང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་པར་རིས་འགྲེམས་སྟོན”ནང་ཞུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་འབྲོག་ལས་ལས་རིགས་སློབ་གླིང་སློབ་གྲྭས་ཁེ་ལས་དང་མཉམ་ལས་དང་། དགོན་ལུང་ལས་རིགས་སློབ་གྲྭའི་ཐོན་སློབ་ཟུང་འབྲེལ། ཟི་ལིང་དུས་རབས་ལས་རིགས་སློབ་གྲྭའི་ཞབས་ཞུའི་རིགས་ཀྱི་ཆེད་ལས་གཏོད་འཛུགས། ཙོང་ཁའི་ལས་རིགས་སློབ་གྲྭ རྨ་ལྷོ་ལས་རིགས་སློབ་གྲྭའི་མི་རིགས་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་རྩལ་ནུས་འགྲེམས་སྟོན་སོགས་ལ་ཁྱད་ཆོས་ལྡན་པ་དང་། ལྟ་རིན་ཆོག་པ། གྲུབ་འབྲས་ལྡན་པ་བཅས་ཡོད་པས་ལྟ་སྐོར་བ་ཚོའི་ཡིད་དབང་བཀུག་པ་མ་ཟད། གདེང་འཇོག་ཡག་པོ་ཐོབ་ཡོད། ཚང་མས་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་བྱེད་པ་དང་འབྲེལ་མཚོ་སྔོན་ལས་རིགས་སློབ་གསོ་འགོ་འཛུགས་ཕྱི་ཡང་འཕེལ་རྒྱས་མགྱོགས་པ་དང་ཁྱད་ཆོས་ལྡན་ཁར་མདུན་ལམ་ཆེན་པོ་འདུག་ཅེས་བསྔགས་བརྗོད་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།