འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ལུན་པེར་ནགས་ཚལ་ལ་མེ་སྐྱོན་བྱུང་ནས་མི་སྟོང་ལྷག་མེ་གསོད་པའི་རུ་དཔུང་དུ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧོ་ལུན་པེར་ནགས་ཚལ་ལ་མེ་སྐྱོན་བྱུང་ནས་མི་སྟོང་ལྷག་མེ་གསོད་པའི་རུ་དཔུང་དུ་ཞུགས་པ།
           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ནགས་ཚལ་མེ་འགོག་བཀོད་འདོམས་གཞུང་ལས་ཁང་གི་བརྡ་འཕྲིན་ལ་གཞིགས་ན། ཟླ་5ཚེས་17ཉིན་གྱི་ཆུ་ཚོད་11དང་སྐར་མ་50སྐབས། ཧོ་ལུན་པེར་གྲོང་ཁྱེར་གྱི་ཁྲེང་པར་ཧུའུ་ཆི་ན་ཅི་ནགས་རའི་ནགས་ཚལ་དུ་མེ་སྐྱོན་བྱུང་ཞིང་། གནམ་གྲུས་བར་སྣང་ནས་ལྟ་ཞིབ་བྱས་པ་བརྒྱུད། མེ་སྐྱོན་བྱུང་ཁུལ་ནི་ནགས་རའི་ལྷོ་རྒྱུད་དང་བྱང་ཤར་རྒྱུད་དུ་ཡོད་ལ། ལྷོ་རྒྱུད་ཀྱི་མེ་སྐྱོན་ཁེབས་ཚད་ནི་སྤྱི་ལེ་10ཙམ་ཡོད་པ་དང་། བྱང་ཤར་རྒྱུད་ཀྱི་མེ་སྐྱོན་ཤོར་ཚད་ནི་སྤྱི་ལེ་6ཙམ་ཡོད་པ་རེད།
           ད་ལྟ། མེ་སྐྱོན་བྱུང་ཁུལ་དུ་མི་1205(ནགས་ཚལ་ཉེན་རྟོག་པ་475)དང་། གནམ་གྲུ་8 ཁྲབ་ཅན་རླངས་འཁོར་6བཅས་ཀྱིས་མེ་སྐྱོན་བྱུང་ཁུལ་དུ་མེ་གསོད་བཞིན་ཡོད་ལ། གཞན་ད་དུང་མི་1970(ནགས་ཚལ་ཉེན་རྟོག་པ་500)ལྷག་ཙམ་མེ་སྐྱོན་བྱུང་ཁུལ་དུ་སྐྱོད་བཞིན་ཡོད་པརེད།
           མེ་སྐྱོན་བྱུང་ཁུལ་གྱི་སྐྱེ་དངོས་ནི་གཙོ་བོ་སྟག་པ་ཤིང་ཡིན་ལ། ས་འོག་གི་རུལ་ཚད་ས་རིམ་ཅུང་མཐུག་པོ་ཡོད་པ། འབར་སླའི་དངོས་པོ་མང་སྟབས། དུ་བ་ཆེན་པོ་ཐོན་བཞིན་ཡོད་པ་རེད། མེ་སྐྱོན་བྱུང་ཁུལ་གྱི་རླུང་ཕྱོགས་ནི་ནུབ་བྱང་ཕྱོགས་ཀྱི་རིམ་པ་2-3ཡོད་ལ། མེ་སྐྱོན་བྱུང་ཁུལ་གྱི་ཁྱབ་རྒྱ་དང་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་སྒང་ཡིན་པ་རེད།
    ༄༅།།ཧོ་ལུན་པེར་ནགས་ཚལ་ལ་མེ་སྐྱོན་བྱུང་ནས་མི་སྟོང་ལྷག་མེ་གསོད་པའི་རུ་དཔུང་དུ་ཞུགས་པ།
    ༄༅།།ཧོ་ལུན་པེར་ནགས་ཚལ་ལ་མེ་སྐྱོན་བྱུང་ནས་མི་སྟོང་ལྷག་མེ་གསོད་པའི་རུ་དཔུང་དུ་ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།