འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་ཀྱི་འགོ་གཙོའི་གླེང་སྟེགས་དེས་ས་ཁུལ་
    དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ངང་དར་རྒྱས་ཕུན་སུམ་ཚོགས་པོ་
    ཡོང་བར་ཕན་པ་ཡོང་བ། 

    ——ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་ལ་འཚམས་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'རྒྱུད་གཅིག་ལམ་གཅིག'རྒྱལ་སྤྱིའི་མཉམ་ལས་ཀྱི་འགོ་གཙོའི་གླེང་སྟེགས་དེས་ས་ཁུལ་
དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ངང་དར་རྒྱས་ཕུན་སུམ་ཚོགས་པོ་
ཡོང་བར་ཕན་པ་ཡོང་བ།
         མི་དམངས་དྲ་བའི་འཕྲིན། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་གིས་ཟླ་5ཚེས་11ཉིན་ཚེས་15ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་མ་ཟད། "རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་ཀྱི་འགོ་གཙོའི་གླེང་སྟེགས་ལའང་ཞུགས་རྒྱུ་རེད། ཚེས་10ཉིན། ཁོང་གིས་ཧོ་ནོ་དབྱི་རུ་ཤིན་ཧྭ་གསར་འགྱུར་ཁང་སོགས་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་ལས་ཁུངས་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་དུས"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་ཀྱི་འགོ་གཙོའི་གླེང་སྟེགས་དེས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་གྲོས་གཞིར་གྲོས་གླེང་གཏིང་ཟབ་པོ་བྱ་རྒྱུར་གླེང་སྟེགས་གལ་ཆེན་ཞིག་འདོན་སྤྲོད་བྱ་རྒྱུ་ཡིན་པས། ས་ཁུལ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ངང་དར་རྒྱས་ཕུན་སུམ་ཚོགས་པོ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བར་ཕན་པ་ཡོང་ངེས་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།