འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐི་རོམ་ཕུ་ཡིས་ལྷོ་ཁོ་རེ་ཡའི་སྲིད་འཛིན་གསར་པ་ཝུན་ཙའེ་ཡན་ཉེ་དུས་ཨ་རིར་འཚམས་འདྲི་
    རུ་གདན་འདྲེན་ཞུས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན། ཨ་རིའི་ཕོ་བྲང་དཀར་པོ་ནས་ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡིས་ཉིན་དེར་ལྷོ་ཁོ་རེ་ཡའི་སྲིད་འཛིན་གསར་པར་བདམས་ཐོན་བྱུང་བའི་ཝུན་ཙའེ་ཡན་ལ་ཞལ་པར་བསྐྱོན་ནས་སྲིད་འཛིན་ཝུན་ཙའེ་ཡན་ཉེ་དུས་ཨ་མེ་རི་ཁ་རྒྱལ་ཁབ་ཏུ་འཚམས་འདྲིར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
          ཉིན་དེར་ཕོ་བྲང་དཀར་པོའི་གསལ་བསྒྲགས་ཤིག་ཏུ། ཐི་རོམ་ཕུ་ཡིས་ཞལ་པར་ནང་ཝུན་ཙའེ་ཡན་སྲིད་འཛིན་དུ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཕྱོགས་གཉིས་ཀས་མུ་མཐུད་ནས་ཨ་རི་དང་ལྷོ་ཁོ་རེ་ཡའི་མནའ་མཐུན་ལ་ཤུགས་སྣོན་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་དུ་གཏོང་འདོད་ཡོད་ཅེས་བརྗོད་ཡོད་པ་མ་ཟད། ད་དུང་ཐི་རོམ་ཕུ་ཡིས་ཝུན་ཙའེ་ཡན་ཉེ་དུས་ཨ་མེ་རི་ཁ་རྒྱལ་ཁབ་ཏུ་འཚམས་འདྲིར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་ཀྱང་བརྗོད་པ་རེད།
           ལྷོ་ཁོ་རེ་ཡའི་སྲིད་འཛིན་འདེམས་བསྐོ་སྐབས་19པའི་འདེམས་ཤོག་ནི་ཚེས་9ཉིན་འཕངས་པ་རེད། ལྷོ་ཁོ་རེ་ཡའི་ཀྲུང་དབྱང་འདེམས་བསྐོ་དོ་དམ་ཨུ་ལྷན་གྱིས་ཚེས་10ཉིན་གྱི་སྔ་དྲོར། ཐུན་མོང་དམངས་གཙོ་ཏང་གི་སྲིད་འཛིན་འོས་མི་ཝུན་ཙའེ་ཡན་སྐབས་གསར་པའི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ཁས་ལེན་བྱས་པས། ཝུན་ཙའེ་ཡན་གྱིས་སྲིད་འཛིན་འགན་འཁུར་བའི་དུས་སྐབས་དངོས་སུ་འགོ་ཚུགས་པ་རེད།
           ཉིན་དེའི་ལྷོ་ཁོ་རེ་ཡའི་རྒྱལ་ས་སེ་འོལ་གྲོང་ཁྱེར་གྱི་རྒྱལ་ཚོགས་གྲོས་དོན་ཚོམས་ཁང་དུ་སྤེལ་བའི་སྲིད་འཛིན་འགན་བཞེས་མཛད་སྒོའི་ཐོག ཝུན་ཙའེ་ཡན་གྱིས་ཕྱེད་གླིང་གི་ཞི་བདེའི་ཆེད་དུ། ཁོང་གིས་དུས་བསྟུན་དུ་ཨ་རིར་འཚམས་འདྲིར་ཕེབས་རྒྱུའི་གྲ་སྒྲིག་བྱས་ཡོད་ལ། ཆ་རྐྱེན་འཛོམས་པོ་བྱུང་ཕྱིན། བྱང་ཁོ་རེ་ཡར་འཚམས་འདྲི་གནང་རྒྱུ་ལུགས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།