འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་དང་མི་མཐུན་པའི་འགྲུལ་
    སྐྱོད་བྱེད་སྒོ་གཏན་འགོག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་09ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་སྤྱི་བསྒྲགས་སྤེལ་ནས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་དང་མི་མཐུན་པའི་འགྲུལ་སྐྱོད་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་བར་གཏན་འགོག་ནན་པོ་བྱ་རྒྱུ་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བརྒྱུད་ཤིན་ཅང་ཨར་ཅིན་ཧྲན་རི་བོ་དང་མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་དང་མི་མཐུན་པའི་འགྲུལ་སྐྱོད་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་ནན་པོ་བྱ་རྒྱུ་དང་གལ་སྲིད་དེ་ལས་འགལ་ཚེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
         བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བོད་ཀྱི་ནག་ཆུ་ས་ཁུལ་གྱི་མཚོ་གཉིས་དང་ཉི་མ་དང་། མངའ་རིས་ཀྱི་སྒེར་རྩེ་དང་དགེ་རྒྱས་སོགས་རྫོང་དྲུག་ཏུ་ཁྱབ་ཡོད་པས་དེ་ནི་མིག་སྔར་ཀྲུང་གོའི་ས་བབ་མཐོ་ཤོས་སྨི་5000ཡན་དང་རྒྱ་ཁྱོན་ཆེ་ཤོས་ཏེ་སྤྱི་ལེ་ངོས་གྲུ་29.8ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་དང་། དེར་ས་མཐོའི་མཚོ་དང་མཚེའུ་སྐར་ཚོགས་ལྟར་མང་བ་མ་ཟད། རྐྱང་དང་། གཙོད། འབྲོང་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་བྱེད་ཀྱི་ཡོད་པས"བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་དགའ་ཚལ"ཞེས་འབོད་ཀྱི་ཡོད།
         སྤྱི་བསྒྲགས་ནང་རྒྱ་ཆེའི་ཡུལ་སྐོར་བ་དང་མྱུལ་དཔྱད་ལ་དགའ་པོ་བྱེད་མཁན་དང་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྒྲིག་འཛུགས་མཁན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་རང་འགུལ་ངང་བརྩི་སྲུང་ཞུ་བ་དང་ཁྲིམས་དང་མི་མཐུན་པའི་འགྲུལ་སྐྱོད་བྱེད་སྒོ་རང་འགུལ་ངང་བཀག་འགོག་གི་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་ཡོད།
         ད་ཕན་ལོ་ཤས་རིང་། བོད་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད། 2015ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་དངུལ་སྒོར་དུང་ཕྱུར་3བཏང་སྟེ་དོ་དམ་ས་ཚིགས་73བསྐྲུན་པ་དང་། དོ་དམ་སྲུང་སྐྱོང་དཔུང་ཁག་73བཙུགས་པ། ཞིང་འབྲོག་པའི་ཆེད་ལས་དོ་དམ་སྲུང་སྐྱོང་མི་སྣ་780གདན་ཞུ་བྱས་པ། ཆེད་ལས་ཀྱི་དོ་དམ་སྲུང་སྐྱོང་དཔུང་ཁག་གཅིག་བཙུགས་པ། རྒྱུན་གཏན་གྱི་ཉེན་ཟོན་སྐོར་ཞིབ་དང་། དོ་དམ་སྲུང་སྐྱོང་། ཞིབ་བཤེར་བཅས་ཀྱི་ལས་དོན་སྤེལ་ནས་བྱང་རྩྭ་ཐང་དུ“སྒུལ་བདེའི་ལྕགས་ཁྲ”ཞིག་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།