འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ནེ་པ་ལའི་ཀྲུང་གོའི་མ་འཇོག་ཁེ་ལས་དང་
    མཉམ་དུ་སྤྱི་ཚོགས་ཀྱི་འགན་འཁྲིར་གྲོས་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་09ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ནེ་པ་ལའི་ཀྲུང་གོའི་མ་འཇོག་ཁེ་ལས་མཐུན་ཚོགས་དང་མཉམ་དུ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་བགྲོ་གླེང་ཚོགས་འདུ་འཚོགས་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱབ་ལྗོངས་འོག་ཇི་ལྟར་བྱས་ནས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་འདོན་སྤེལ་བྱས་ཏེ་ཀྲུང་གོའི་ཁེ་ལས་དང་སྤྱི་ཕན་རྩ་འཛུགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་བསྡུར་བྱས་པ་རེད། ཀེ་ཀྲོའུ་པ་ཚོགས་པ་དང་། ཀྲུང་གོ་ཆུ་བེད་ཆུ་གློག་འཛུགས་སྐྲུན་ཚོགས་པ་ཀུང་སི། ཀྲུང་གོ་ཕྱི་རྒྱལ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་ཤིན་ཚོགས་པ། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི། ཧྲང་ཧའེ་ཨར་ལས་བཟོ་གྲྭ་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་10ཡི་འཐུས་མི་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།
         ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་དེ་སྔའི་ལག་བསྟར་ཚོགས་གཙོ་གཞོན་པ་ཧོ་ཏའོ་ཕུང་གིས་ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོའི་ཁེ་ལས་དང་སྤྱི་ཕན་རྩ་འཛུགས“ཕྱིར་བསྐྱོད་རྒྱུར”གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་པ་དང་དུས་མཚུངས་འགྲན་སློང་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པས་ཕྱོགས་གཉིས་པོས་སྐྱོན་སྤོང་དགེ་སྒྲུབ་དང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ཀྲུང་གོའི་རྒྱལ་སྤྱིའི་གཟུགས་བརྙན་ལེགས་སུ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད་པ་རེད།
         ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཁྲེན་ཧུང་ཐའོ་ཡིས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་དགེ་སྒྲུབ་ལས་དོན་སྤེལ་བའི་ཐད་མིག་སྔར་གནད་དོན་ཁག་གཅིག་གནས་པ་སྟེ། དཔེར་ན། འཆར་འགོད་བྱེད་ཤུགས་མི་འདང་བ་དང་ཞལ་འདེབས་འབུལ་པའི་རྣམ་གྲངས་མང་ལ་ཁ་ཐོར་ཡིན་པ་དང་། ཞལ་འདེབས་བརྒྱབ་རྗེས་ཀྱི་ཕན་འབྲས་རྗེས་སྙེག་དང་ནུས་པར་དཔྱད་དཔོག་བྱེད་ཤུགས་མི་འདང་བ། སྡེ་ཁུལ་དུ་སྐྱོད་ཤུགས་མི་འདང་བ་དང་ཕན་ཚུན་སྙིང་གཏམ་ཤོད་རེས་མི་འདང་བ་སོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་རེད།
         ཀྲུང་གོའི་མ་འཇོག་མཐུན་ཚོགས་ཀྱི་ཚོགས་གཙོ་ནེ་པ་ལར་བཅའ་སྡོད་ཀེ་ཀྲོའུ་པ་ཚོགས་པའི་འཐུས་མི་ཡོན་ཀྲི་ཞུང་གིས་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ནེ་པ་ལ་གཞུང་ལས་ཁང་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་བརྒྱུད་ནེ་པ་ལའི་ཀྲུང་གོའི་ཁེ་ལས་ཀྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་སྔར་བས་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། དེ་དང་ཆབས་ཅིག་ཁོང་གིས་ད་དུང་ཕྱོགས་གཉིས་པོས་མཉམ་དུ་ས་ཡོམ་སོགས་ཀྱི་ཐོལ་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་སྔོན་འགོག་ལས་དོན་སྤེལ་རྒྱུའི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།