འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་དྲུག་པའི"རྒྱ་ཡིག་འབྲེལ་ཟམ"ཞེས་པའི་ཨེ་ཅིབ་ཁུལ་ཆེན་གྱི་རྒྱལ་ཕམ་ཐག་
    གཅོད་ཀྱི་འགྲན་བསྡུར་བྱེད་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་09ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། སྐབས་བཅུ་དྲུག་པའི"རྒྱ་ཡིག་འབྲེལ་ཟམ"ཞེས་པའི་འཛམ་གླིང་གི་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་གྱི་ཨེ་ཅིབ་ཁུལ་ཆེན་གྱི་འགྲན་བསྡུར་ཁེ་རོར་བྱས་ཤིང་། ཁེ་རོ་སློབ་ཆེན་ནས་ཡོང་བའི་བདམས་ཐོན་པ་གཉིས་ལ་མཐར་ཀྲུང་གོར"རྒྱ་ཡིག་འབྲེལ་ཟམ"གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་རག་པ་རེད།
         སྐབས་འདིའི"རྒྱ་ཡིག་འབྲེལ་ཟམ"ཞེས་པའི་འགྲན་བསྡུར་གྱི་བརྗོད་བྱ་གཙོ་བོ་ནི"ཕུགས་བསམ་ལ་བརྟེན་ནས་འབྱུང་འགྱུར་གཏོད"ཅེས་པ་དེ་རེད། གྲ་སྒྲིག་འགྲན་བསྡུར་བརྒྱུད་ཁེ་རོ་སློབ་ཆེན་དང་། ཨའེ་དབྱིན་ཧྲ་མུའུ་སི་སློབ་ཆེན། སུའུ་དབྱི་ཧྲེ་ཡུན་ཧོ་སློབ་ཆེན་སོགས་ཨེ་ཅིབ་ཀྱི་མཐོ་སློབ་8ནས་ཡོང་བའི་བདམས་ཐོན་པ་12ཁུལ་ཆེན་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་པ་རེད།
         ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུང་ཨའེ་གོ་ཡིས་ཤིས་ཚིག་བརྗོད་སྐབས། ཉེ་བའི་ལོ་ཤས་རིང་ཀྲུང་གོས"རྒྱུད་གཅིག་ལམ་གཅིག"འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཨེ་ཅིབ་ཀྱི་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ལ་ཕུགས་བསམ་མངོན་འགྱུར་ཡོང་བའི་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་པ་དང་། "རྒྱུད་གཅིག་ལམ་གཅིག'གི་གྲོས་གཞི་དེ་སུའུ་དབྱི་ཧྲེ་མི་བཟོས་གཙང་པོའི་བར་ཁྱམས་འཛུགས་སྐྲུན་ལས་གྲྭ་དང་ཧ་ཅང་འཚམ་པོ་འདུག ངས་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ཨེ་ཅིབ་ཀྱི་སློབ་མ་ཚོ་ཉིན་བཞིན་ཡར་རྒྱས་བྱུང་སྟེ་ཀྲུང་ཨེའི'རྒྱུད་གཅིག་ལམ་གཅིག'གི་མཉམ་ལས་ནང་ཞུགས་ནས་ཕུགས་བསམ་གང་མགྱོགས་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན"ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།